“འཛམ་གླིང་བོད་རིག་པའི་གཙུག་རྒྱན”བླ་བྲང་དགོན་པའི་བོད་ཡིག་དཔེ་རྙིང་ཁྲི6.8ལྷག་ལ་ཡིག་ཚགས་བཟོས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-13   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

图片

      “འཛམ་གླིང་བོད་རིག་པའི་གཙུག་རྒྱན”དུ་བསྔགས་པའི་བླ་བྲང་དགོན་པའི་བོད་ཡིག་དཔེ་རྙིང་གྲངས་འཛིན་ཅན་དུ་བསྒྱུར་བའི་འཕེལ་རིམ་ལ་ཉེ་བའི་ལོ་ཤས་རིང་དོ་ཁུར་ཆེན་པོ་ཐོབ་ཡོད།   བླ་བྲང་དགོན་པའི་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དགེ་འདུན་བསྟན་པས་ཉེ་ཆར་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“མིག་སྔར་མཛོད་ཉར་གྱི་དཔེ་རྙིང་ཁྲི6.8ལྷག་ལ་དཀར་ཆག་དང་ཡིག་ཚགས་བཟོས་ནས་གྲངས་འཛིན་ཅན་གྱི་རིག་དངོས་སྲུང་སྐྱོང་བྱ་ཆེད་རྨང་གཞི་བཏིང་ཡོད”ཅེས་བཤད།
དགེ་འདུན་བསྟན་པས། “2000ལོ་ནས་བཟུང་དཔེ་རྙིང་ལེགས་སྒྲིག་བྱས་ཤིང་དགོན་པའི་དགེ་འདུན་པ30ཙམ་ཞུགས་ཏེ་ལོ་ལྟར་ཁྱོན་ཟླ་བ4རིང་གི་དུས་ཚོད་བེད་སྤྱད་ནས་ལེགས་སྒྲིག་བྱེད་ཀྱིན་ཡོད”ཟེར།
图片

      དཔེ་མཛོད་ལྷ་ཁང་ནི་བླ་བྲང་དགོན་པའི་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་རིན་ཐང་ཆེས་ཆེ་བའི་དཔེ་མཛོད་ཁང་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་རྩ་ཆེའི་གསུང་རབ་དང་དེ་བཞིན་གསོ་བ་རིག་པ་དང་། ཚད་མ་རིག་པ། བརྡ་སྤྲོད་རིག་པ། སྡེབ་སྦྱོར་རིག་པ། སྒྲ་རིག་པ། སྒྲ་གདངས་རིག་པ། གནམ་རིག་སྐར་རྩིས་སོགས་སྐོར་གྱི་དཔེ་གཞུང་རྩ་ཆེན་ཉར་ཚགས་བྱས་ཡོད།  གསེར་དང་དངུལ། བྱུ་རུ། མུ་ཏིག མུ་མེན་སོགས་རིན་པོ་ཆེ་ཡིས་བྲིས་པའི་གསུང་རབ་དང་།  གཙག་དྲུབ་ཀྱི《དགེ་བའི་མདོ》དང་ལོ་ངོ་སྟོང་ལྷག་འགོར་བའི་ནང་བསྟན་གྱི་དཔེ་རྒྱུན་རྩ་ཆེན་བཅས་ཡོད།

དགེ་འདུན་བསྟན་པས། “དཔེ་མཛོད་ལྷ་ཁང་གི་དགེ་བཤེས་སྟོང་ལ་ཉེ་བའི་གསུང་འབུམ་ཕྱག་བྲིས་མ་དང་། དེ་བཞིན་ཡུང་ལི་བཀའ་འགྱུར(བོད་ཡིག་པར་གཞི)སོགས་ནི་རིན་ཐང་བྲལ་བའི་བསྟན་བཅོས་ཡིན། གཞན་ཡང་བླ་བྲང་དགོན་པར་མིག་སྔར་པར་གཞི་ཆེས་མང་བའི《བཀའ་འགྱུར》ཡང་ཉར་ཚགས་བྱས་ཡོད”ཅེས་ནན་གྱིས་བཤད།
图片

      དགེ་འདུན་བསྟན་པས་དཔེ་མཛོད་ལྷ་ཁང་གི་དཔེ་རྙིང་དག1958ལོར་ཐེངས་དང་པོར་གོ་རིམ་ལྡན་པའི་སྒོ་ནས་ལེགས་སྒྲིག་བྱས་པར་མ་ཟད། 《བླ་བྲང་དགོན་པའི་གསུང་རབ་སྤྱིའི་དཀར་ཆག》ཀྱང་བསྒྲིགས་ཡོད་པས་ཕྱི་རབས་པར་ཉར་ཚགས་དང་ཞིབ་འཇུག་གནང་བར་སྟབས་བདེ་བཟོས་མོད། འོན་ཀྱང་ཕྱིས་སུ་དཔེ་ཆ་ཁག་གཅིག་བོར་བརླག་ཐེབས་པ་དང་། ད་ལྟ་ཉར་ཚགས་བྱས་པའི་དཔེ་རྙིང་སྐོར་ཞིག་ནི་རུ་སྡེ་ཤོག་པ་དང་དགོན་སྡེ་ཁག་ནས་བསྡུ་རུབ་བྱས་པ་ཡིན་ཞེས་བཤད།

དཔེ་རྙིང་ལ་སྔར་བས་སྲུང་སྐྱོབ་བྱ་ཆེད། བླ་བྲང་དགོན་པས་ཆེད་དུ་དཔེ་རྙིང་མཛོད་ཁང་བཙུགས་ཏེ་ཆེད་བསྐོས་དགེ་འདུན་པ་ཚོས་དཔེ་རྙིང་སྲུང་སྐྱོབ་དང་གསུང་འབུམ་ལེགས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་གྱི་འགན་ཁུར་ཡོད། ཉེ་ཆར་གསར་འགོད་པས་དཔེ་མཛོད་ལྷ་ཁང་དུ་བཅར་འདྲིར་བསྐྱོད་སྐབས། ཐོག་སོ་གསུམ་ལྡན་གྱི་ལྷ་ཁང་དུ་དཔེ་སྒྲོམ་དང་དཔེ་དེབ་བསྒྲིགས་ཡོད་པ་མཐོང་བྱུང་ལ། ཐོག་སོ་དང་པོ་དང་གཉིས་པར་ཡིག་ཚགས་བཟོས་མེད་པའི་དཔེ་དེབ་བཞུགས་ཡོད་པ་དང་། ཐོག་སོ་གསུམ་པར་སྡེབ་སྦྱོར་གྱི་སྐོར་དང་བཟོ་རིག་པའི་སྐོར་སོགས་ཡོད་པར་མ་ཟད། རེ་རེར་ཨང་རྟགས་བཀོད་ཅིང་ཤོག་གྲངས་ཀྱི་ཆད་ལྷག་ལ་གསལ་ཁ་བཏོད་ཡོད།
བླ་བྲང་དགོན་པ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཆགས་པ་དང་། ད་བར་ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ལ་དགེ་ལུགས་པའི་དགོན་ཆེན་དྲུག་གི་གྲས་ཡིན། ཀྲུང་གོའི་དཔེ་ཆ་ཉར་ཚགས་བྱས་པ་ཆེས་མང་པ་དང་རིག་གཞུང་གི་ཆུ་ཚད་ཆེས་མཐོ་བ། དགེ་བཤེས་མང་དུ་ཐོན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཀྱང་ཡིན།1982ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་གཏན་འཁེལ་བྱས། །