སེམས་ཀྱི་ཉི་ཟླས་རྣམ་གྲངས་གལ་ཆེན་7དུས་གཅིག་ཏུ་ལས་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཐོན་ལས་དམ་འཛིན་ཆེན་པོ་དང་རྣམ་གྲངས་དམ་འཛིན་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་དང་ཁུལ་གྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། ཉེ་ཆར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་2024ལོའི་ཐོན་ལས་རྣམ་གྲངས་གལ་ཆེན་དང་གཞུང་ལྕགས་མཉམ་འདྲེན་ཐོན་ལས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་རྒྱུག་མ་ལག་གསར་པའི་སྒྲིག་བཀོད་ཆ་ཤས་ལས་འགོ་འཛུགས་པའི་མཛད་སྒོ་སྤེལ་བ་དེ་ཐོན་ལས་རྣམ་གྲངས་གལ་ཆེན་7དང་འབྲེལ་བ་ཡོད་པ་རེད། 

    ད་ཐེངས་གཅིག་སྡུད་ཐོག་ལས་འགོ་བཙུགས་པའི་ཐོན་ལས་རྣམ་གྲངས་གལ་ཆེན་7ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་35.6བཏང་ཡོད་ལ། ལོ་འཁོར་མོའི་འཆར་གཞིར་མ་དངུལ་སྒོར་དུང་ཕྱུར་2.55བཏང་བའི་ནང་ཟོག་འགྲེམས་དང་ཞིང་ལས།ལྗང་མདོག་ནུས་རྒྱུ།ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཚུད་ཡོད་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གཅིག་སྡུད་ཐོག་འཕེལ་རྒྱས་གཏོང་བ་དང་ཐོན་ལས་རིམ་སྤོར་མགྱོགས་པོ་བྱུང་བའི“སྟོབས་གསར་དམག་དཔུང་”ཞིག་ཏུ་གྱུར་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱ་རྒྱུ་རེད།