སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོན་ལས་སྤུས་ཚད་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2023ལོ་ནས་བཟུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་བཏང་བ་རེད། ལོ་གཅིག་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་བབ་བསྟུན་འཕྲལ་སྒྲུབ་དང་ས་མཐོའི་ཞིང་ལས་དམིགས་བསལ་ཐོན་ལས་ཀྱི་ཐོན་བརྟན་སྤུས་ལེགས་དང་བཟོ་ལས་ཐོན་སྐྱེད་ཀྱི་འདེགས་སྐྱོར་ནུས་ལྡན་ཡོད་པ་རེད།

        རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ཁུངས་མཐོ་རུ་གཏོང་རྒྱུར་དམིགས་ནས་ཨ་པུ་ཅི་དང་། སུམ་རྩེན་གླིང་། རྡོ་མཁར་རྫོང་སོགས་མཛེས་ལྗོངས་ཁུལ་གྱི་རིམ་སྤོར་ལས་གྲྭ་མགྱོགས་སུ་གཏོང་བ་དང་། ཧ་པ་རི་བོའི་མཛེས་ལྗོངས་ཁུལ་ཚད་ལྡན་དོ་དམ་གཉེར་སྐྱོང་མངོན་འགྱུར་ཡོང་བ། ཤྭ་ཁ་རི་བོ་འཛུགས་སྐྲུན་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ། འབའ་ལྷག་དཀར་རྫོང་གིས5རིམ་པའི་མཛེས་ལྗོངས་ཁུལ་དང་། དུས་འཁོར་བློས་བསླངས་ཀྱིས4རིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པར་བརྩོན་ལེན་བྱ་དགོས།

        

    ལས་རྣམ་རིམ་སྤོར་ལ་དམིགས་ནས་སྲོལ་རྒྱུན་ལག་རྩལ་དང་རིག་གནས་ཡུལ་སྐོར་གྱི་གསར་གཏོད་ཇུས་འགོད་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་རྟེན་གཞི་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་རི་ཁུལ་དང་ཕྱི་རོལ་གྱི་ལུས་རྩལ་ཐོན་རྫས་ཁག་གཅིག་སྔོག་འདོན་བྱས་ཏེ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་གཅིག་གཏོད་པ་དང་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གསར་སྤེལ་བྱེད་པ། རིག་གནས་ཡུལ་སྐོར་གྱི་ཁམས་གསོའི་ཐོན་རྫས་ཁག་གཅིག་སྐྱེད་སྲིང་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་དྲིལ་བསྒྲགས་ཐོན་རྫས་ཁག་གཅིག་བཟོ་དགོས།

        འགྲུལ་ཁུངས་འཕར་ཚད་ལ་དམིགས་ནས་ཡུལ་སྐོར་ཐོན་རྫས་ཕྱོགས་ཡོངས་དང་གཏིང་ཟབ་ངང་འོས་སྦྱོར་བྱས་པ་དང་། ཞབས་ཞུ་ལ་དམིགས་ནས་ཕུལ་བྱུང་གཏོད་དེ་རིག་གནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་ལྟ་སྐུལ་དོ་དམ་བྱ་ཐབས་བརྒྱད་དོན་འཁྱོལ་ནན་པོ་བྱེད་དགོས།


        ས་མཐོའི་ཁྱད་ལྡན་ཞིང་ལས་དམིགས་བསལ་དང་སྤུས་ལེགས་སུ་གཏོང་བ། འབྲི་གཡག་དང་། ནས། ཀྲུང་ལུགས་སྨན་རྒྱུ་སོགས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རྩ་འཛུགས་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བར་རྩེ་གཅིག་ཏུ་དམིགས་ནས་ཐོན་ལས་སྟོབས་ལྡན་གྲོང་རྡལ་2བསྐྲུན་པ་དང་། རྫོང་རིམ་པ་ཡན་གྱི་ཞིང་ལས་སྣེ་འདྲེན་ཁེ་ལས་3དང་། དཔེ་སྟོན་མཉམ་ལས་ཁང་10དཔེ་སྟོན་ཁྱིམ་ཚང་གི་ཞིང་ར5གསོ་སྐྱོང་དང་འཕེལ་རྒྱས་བཏང་ཡོད། གཞི་ཁྱོན་འོས་འཚམ་ལྡན་པར་དམ་པོར་དམིགས་ནས་ས་མཐོའི་ཞོག་ཁོག་དང་།་ གུང་ཚལ། ཀྲུང་ལུགས་སྨན་རྒྱུ་སོགས་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་4བསྐྲུན་པ་དང་། བཟའ་བྱའི་ཤ་མོ་མུའུ་4000འདེབས་འཛུགས་ཁྱབ་གདལ་བཏང་ཡོད།

        ཐོན་ལས་ཅན་ལ་དམ་པོར་དམིགས་ནས་ཞིང་ལས་ཐོན་རྫས་ལས་སྣོན་རིན་ཐང་གིས་ཞིང་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་90%ཡན་ཟིན་པའི་བརྩོན་ལེན་བྱ་དགོས། ཚད་ལྡན་ཅན་དང་སྤུས་རྟགས་ཅན་ལ་དམ་པོར་དམིགས་ནས་སེམས་ཀྱི་ཉི་ཟླའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ།

        ལྗང་མདོག་ནུས་ཁུངས་ལེགས་པ་བཅས་ཡོང་བ་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་ཉི་ནུས་འོད་ཤུགས་གློག་ཁང་གི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་60ཟིན་པའི་བརྩོན་ལེན་བྱེད་དགོས། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱིས་GDP་ཡི་བསྡུར་ཚད10%ཡན་ཟིན་པར་སྐུལ་འདེད་གཏོང་དགོས།
        ལྗང་མདོག་གཏེར་ལས་གསར་པ་བཅས་བྱེད་དགོས། ཧུང་ཉིའུ་ཟངས་གཏེར་སོགས་ཁེ་ལས་གང་མགྱོགས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བསྐྱར་མ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཏེར་ལས་ཀྱི་སྲ་གཟུགས་ཟོག་རོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟོ་གཏེར་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

        ཚོང་དོན་ཟོག་འགྲེམས་བསྡུ་འགྲེམས་ལྟེ་གནས་གང་མགྱོགས་བསྐྲུན་དགོས། ཡང་ཐང་གི་སྤྱི་ལྕགས་མུ་འབྲེལ་སྐྱེལ་འདྲེན་དང་དེ་བཞིན་ཐོན་ལས་ཁུལ་མཉམ་འགུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཀྱི་འགྲུལ་པ་དང་། དངོས་ཟོག སྦྲག་སྐྱེལ་བཅས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་འབྲེལ་ཐག་དང་འཁྱགས་སྦྲེལ་དངོས་ཟོག་སྐྱེལ་འདྲེན་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ་བརྩོན་ལེན་བཅས་བྱེད་དགོས།