བདེ་ཆེན་ཁུལ་གྱི་སྤྱི་པའི་ཞབས་ཞུའི་བརྗོད་དོན་གཙོ་བོའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ3པའི་ཚེས་1ཉིན། བདེ་ཆེན་ཁུལ་གྱི་ས་"དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་ཡིད་ཆེས་ཆེ་རུ་བཏང་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་"ཞེས་པའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་སྟེ་སྤྱི་པའི་ཞབས་ཞུའི་བརྗོད་དོན་གཙོ་བོའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་དེ་ཁུལ་གསར་འགྱུར་ཡོངས་བསྒྲགས་ཐིང་དུ་འཚོགས་པ་རེད།

        ཁུལ་སློབ་གསོ་དང་ལུས་རྩལ་ཅུས།  ཁུལ་སྣོད་བཅུད་ཁོར་ཡུག་ཅུས།  ཁུལ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཁག་སོ་སོར་གསར་འགྱུར་ཁྱབ་བསྒྲགས་བྱས།  2023ལོར།  ཁུལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་མཐའ་འཁྱོངས་བྱས་ཏེ་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་"ཚོགས་སྒྲིག་རྣམ་པའི་"རོགས་སྐྱོར་ལ་བརྟེན་ནས་བདེ་ཆེན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རྨང་གཞིའི་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།  ཁུལ་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་བློ་བརྟན་འགྱུར་མེད་ངང་སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སྟོན་དུ་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཚོ་དང་ཤང་(གྲོང་རྡལ་)རྫོང་(གྲོང་ཁྱེར་)ཁུལ་བཅས་རིམ་པ་བཞི་མཉམ་སྐྲུན་ཧུར་ཐག་བྱས་ནས་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་འགག་སྒོའི་ནང་འཛུལ་ཐུབ་པ་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འདམ་ར་གལ་ཆེན་གྱི་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་། "ཕུབ་ལྗང་"གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་ནུས་ཤུགས་ཡོད་རྒུས་གནམ་སྔོན་པོ་དང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་གི་དམག་འཐབ་ཆེན་པོ་གསུམ་ཡག་པོ་བརྒྱབ་ཡོད། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་ནས་ཏོག་གསར་གློ་ཚད་འགོས་པའི་"རིགས་ཁ་པ་དང་དོ་དམ་ཁ་པའི་"འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཀྲུང་བོད་སྨན་རྫས་བྱ་གཞག་རྒྱུན་འཛིན་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། བདེ་ཐང་དབུལ་སྐྱོར་གྱི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལམ་སྲོལ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་རེད།