བདེ་ཆེན་གྱི་མང་ཚོགས་ཁྲོད་ཚོགས་འདུ་གཉིས་ལ་དོ་ཁུར་ཆེན་པོ་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་3པའི་ཚེས་4ཉིན་ནས་ཚེས་5ཉིན་གྱི་བར། དོ་ཁུར་ཆེན་པོ་ཐོབ་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་འགོ་ཚུགས་པ་རེད།  རང་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཚོས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གནས་ཚུལ་གཟབ་རྒྱས་ནན་ཏན་ངང་གསན་པ་དང་གཟིགས་པས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལ་སྤྲོ་སེམས་འཁོལ་བའི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། ཚང་མས་ཚོགས་འདུ་གཉིས་ཀྱི་གནས་ཚུལ་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

        ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་བྱེད་མི་སྣ་མུའུ་ཞའོ་དབྱི་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མི་རྣམས་ལ་སྐུལ་ལྕག་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ནས་བཏོན་པ་དམིགས་ཚད་ལས་འགན་ལ་རྒྱང་ལྟའི་རང་བཞིན་དང་འཐབ་ཇུས་རང་བཞིན་མངོན་གསལ་དོད་པོ་ལྡན་ཡོད་པས་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་དོན་ཁྲོད་ངས་ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་བྱ་རྒྱུའི་སྣེ་ཁྲིད་པ་དང་འཐུས་མིར་ཞབས་འདེགས་ཞུ་བའི་ལས་དོན་དང་རང་ངོས་འཛུགས་སྐྱོང་ནན་ཏན་ངང་ཡག་པོ་བསྒྲུབས་ནས་བདེ་ཆེན་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        ཁུལ་སྲིད་གྲོས་ཀྱི་ལས་བྱེད་པ་ཚེ་རིང་དབང་འདུས་ཀྱིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྗེས་གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དམིགས་ཚད་ཀྱིས་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱ་རྒྱུར་སྐུལ་མ་ཐེབས་ཡོད། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ།ཁུལ་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་འགན་ནུས་ལ་དམིགས་ཏེ་ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱས་ཏེ་སྲིད་གྲོས་ཨུ་ཡོན་གྱིས་ཐབས་དང་ཇུས་འདོན་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་ཟེར།


        ཁུལ་ཨུའི་གཞུང་དོན་ཁང་གི་ལས་བྱེད་མི་སྣ་ཕན་ཀའོ་ལིན་གྱིས་བཏོན་དོན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ལས་ཞུགས་དང་། གྲོང་གསེབ་དར་རྒྱས། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་དངོས་དོན་གཉེར་བའི་བཀོད་སྒྲིག་ཞིབ་ཕྲ་རབ་དང་རིམ་པས་ང་ཚོར་བདེ་ཆེན་གྱི་འབྱུང་འགྱུར་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་སུ་བཅུག ཏང་འཛུགས་སྐྱོང་ལས་དོན་གཞུང་ལས་ཁང་གི་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ངས་ཞིང་ཨུའི་"3815་"འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ལས་དོན་ཁྲོད་ཀྱི་"བརྟན་ལྷིང་དང་ཡར་རྒྱས་"ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ལུས་སེམས་གཉིས་ཀ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུ་ཡིན།


        ཁུལ་སྲིད་གཞུང་གཞུང་དོན་ཁང་གི་ལས་དོན་མི་སྣ་ཀྲང་ཨའེ་ལིང་གིས་སྲིད་གཞུང་གཞུང་དོན་ཁང་གི་ལས་དོན་མི་སྣ་ཞིག་ཡིན་པའི་ངོས་ནས་ངས་ཚོགས་འདུ་གཉིས་ཀྱི་ནང་དོན་ལ་རྒྱུན་མཐུད་ངང་དོ་ཁུར་བྱས་ཏེ་ཚོགས་འདུ་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། "གཏན་འཁེལ་གཉིས་"་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། "འདུ་ཤེས་བཞི་"རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། "གདེང་ཚོད་བཞི་"བརྟན་དུ་གཏོང་བ། "སྲུང་སྐྱོང་གཉིས་"་ཏན་ཏིག་ཐུབ་པ་བྱེད་དེ་བློ་གཅིག་སེམས་གཅིག་གིས་"ཞབས་ཞུ་གསུམ་"གྱི་ལས་དོན་ཡག་པོ་བསྒྲུབས་ནས་མཐུན་སྒྲིལདང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།


        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་གྲོང་མི་བློ་བཟང་སྒྲོལ་མས་ནང་མི་དང་མཉམ་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་ཉན་པ་རེད། ཁོང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དམངས་འཚོ་འགན་ལེན་དང་ལེགས་བཅོས་ཏན་ཏིག་གཏོང་བ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་དགོས་ཞེས་བཏོན་པ་དེ་ནི་དངོས་གནས་མི་རྣམས་ལ་སྐུལ་མ་ཐེབས་འོས་པ་ཞིག་རེད། ང་འདི་ལོ་ལོ་62ལ་སླེབས་པ་དང་སེམས་ཀྱི་ཉི་ཟླའི་འགྲོ་ལམ་དང་འཕྲིན་གཏོང་། ཆུ་མཁོ་འདོན་དང་གློག་མཁོ་འདོན་སོགས་ཀྱི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་དང་སྤྱི་གླིང་གི་སྔོ་ལྗང་ཁུལ་གང་སར་མཐོང་རྒྱུ་ཡོད་པས་ང་ཚོས་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་དངོས་རྗེན་ངང་ལོངས་སྤྱོད་ཐུབ་བྱུང་། ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།

        འཇོལ་རྫོང་ཡུན་ལིང་ཤང་ཏང་ཨུའི་ཧྲུའུ་ཅི་ངག་དབང་ཕུན་ཚོགས་ཀྱིས་ང་ཚོས་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་2024་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་འགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་གཅིག་སྡུད་ཐོག་བལྟས་པ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་གསེབ་ཀྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱས་པ་དང་གཞི་རིམ་གྱི་འཐབ་ས་དང་པོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་དང་ལས་ཀའི་དམིགས་ཚད་ཁ་གསལ་བཟོས་ཏེ་ཏང་གི་སྲིད་ཇུས་བཟང་པོ་དེ་མི་དམངས་ཀྱི་ངོ་གདོང་ལས་བྱུང་བའི་བདེ་སྐྱིད་ཀྱི་འཛུམ་མདངས་སུ་འགྱུར་བ་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བར་ནུས་པ་ཕྲན་བུ་འདོན་དགོས་ཞེས་བཤད་པ་རེད།