ཤ་རྒྱགས་པའི་མི་ལ་འཚོ་བཅུད་འདང་བའི་ངེས་པ་མེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-06   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        མི་མང་པོ་ཞིག་གིས་ཤ་རྒྱགས་པ་ནི་འཚོ་བཅུད་ཚད་ལས་བརྒལ་བ་ཡིན་པར་འདོད་མོད། འོན་ཀྱང་ཚད་ལས་བརྒལ་བ་ནི་ཚ་ནུས་ཡིན་པ་ལས་འཚོ་བཅུད་མིན།

        རྒྱུན་ལྡན་གྱི་སྐྱེས་པ་དར་མ་ཞིག་གིས་ཉིན་རེར་གཞི་རྩའི་རྙིང་ཚབ་གསར་འབྱེད་རྒྱུན་སྐྱོང་བར་མཁོ་བའི་ཚ་ནུས་ནི་སྟོང་ཁྭ2000ཡས་མས་ཡིན་ལ། བུད་མེད་ནི་སྟོང་ཁྭ1500ཡས་མས་ཡིན། གལ་ཏེ་ཁྱེད་རང་སྣུམ་དང་མངར་ཆ་ཆེ་བའི་ཟས་རིགས་ཏེ། དཔེར་ན་བྱ་ཤ་བསྲེགས་མ་དང་འོ་ཇ། ཞོར་ཟས་སྣ་ཚོགས་སོགས་ཟ་བར་དགའ་ཚེ། ལུས་སྟེང་གི་འཚོ་བཅུད་ཆེན་པོ་གསུམ་མམ་ཚད་ཉུང་གཞི་རྒྱུ་གཞན་དག་གིས་མི་འདང་བ་རེད། སྣུམ་དང་མངར་ཆ་ཆེ་བའི་ཟས་རིགས་འདི་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་འཚོ་བཅུད་ཀྱི་ཟབ་ཚད་དམའ་ལ་ཚ་ནུས་མཐོ་བར་མ་ཟད། དེའི་ཁྲོད་དུ་ད་རུང་ལུས་ཕུང་ལ་གནོད་པའི་གཞི་རྒྱུ་འགའ་ཤས་ཡོད་དེ། དཔེར་ན་ལྡོག་ཚིལ་ལྟ་བུ་རེད། འཚོ་བཅུད་གཞི་རྒྱུ་མི་འདང་བ་དེས་ཡི་གར་གནོད་པས། ཟ་མ་བཟའ་བ་ལ་བརྟེན་ནས་ཁ་གསབ་བྱེད་དགོས།

        གལ་ཏེ་བཟའ་བཏུང་གོམས་གཤིས་མ་བསྒྱུར་ཚེ། ཟས་རིགས་ཅི་འདྲ་མང་པོ་ཟོས་ཀྱང་ལུས་སྟེང་དུ་དགོས་གལ་ཆེ་བའི་འཚོ་བཅུད་ཁ་གསབ་བྱེད་ཐབས་མེད་ལ། མཐར་ཇི་ལྟར་ཟོས་ན་དེ་ལས་ཤ་རྒྱགས་པར་འགྱུར་བ་དང་ལུས་ཕུང་ཡང་མི་བདེ་བའི་གནད་དོན་འབྱུང་སྲིད། །