ལ་བཞི་གྲོང་ཚོའི་སྲོལ་རྒྱུན་མདའ་འཕེན་དུས་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ལ་བཞི་གྲོང་ཚོའི་རི་གཉན་ཚོགས་ཆུང་གིས་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་མདའ་འཕེན་དུས་ཆེན་འཚོགས་པ་རེད། མི་རྣམས་ཀྱིས་རི་མཆོད་དང་མདའ་འཕེན། གཡང་འབོད། སྐོར་བྲོ་སོགས་ཀྱི་མཛད་སྒོ་བརྒྱུད་ནས་ལོ་གསར་བའི་ནང་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔ་ལོ་ལེགས་འབྱུང་བར་སྨོན་འདུན་ཞུ་བ།

        མདའ་འཕེན་པའི་བྱེད་སྒོ་སྤེལ་བ་བརྒྱུད་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་གྲོང་གསེབ་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད།

        2022ལོའི་ཟླ12པར་འཇོལ་རྫོང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་ཀྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི་བོད་ཀྱི་མདའ་འཕེན་གོམས་སྲོལ་དེ་ཡུན་ནན་ཞིང་ཆེན་གྱི་ཁག་ལྔ་པའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་རེད།