སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྙིང་བསྡུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-05   རྩོམ་ཁུངས།    སེམས་ཀྱི་ཞིང་ཁམས།


图片

    ཟླ་༣ཚེས་༥ཉིན། སྲིད་བློན་ལི་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།  སྙན་སྒྲོན་གྱི་གཙོ་གནད་གཤམ་གསལ། 

གཅིག སྤྱི་ལོ་༢༠༢༣ལོའི་ལས་ཀའི་ཕྱིར་དྲན། 

རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་༥.༢%འཕར་བ། 

འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་༡.༣༩ཟིན་པ། 

གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་༡༢༤༤གསར་དུ་ལས་ཞུགས་ཐུབ་ཡོད་པ། 

ལོ་ཧྲིལ་པོར་དཔྱ་ཁྲལ་གཟིགས་སྐྱོང་གསར་སྣོན་བྱས་པ་སྒོར་དུང་ཕྱུར་ཁྲི་༢.༢ལས་བརྒལ་བ། 

ནུས་རྒྱུ་གསར་པའི་རླངས་འཁོར་བྲིན་ཚོང་བྱས་ཚད་དེ་གོ་ལ་ཡོངས་ཀྱི་བསྡུར་ཚད་ལས་༦༠%བརྒལ་བ།

གློག་སྒུལ་རླངས་འཁོར་དང་། ལིས་གློག་རྫས། འོད་ནུས་ཐོན་རྫས་བཅས་གསར་པ་གསུམ་ཕྱིར་གཏོང་བྱས་ཚད་༣༠%ཙམ་འཕར་སྣོན་བྱུང་བ།  


གཉིས། ད་ལོའི་སྔོན་དཔག་དམིགས་ཚད་གཙོ་བོ། 

རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་༥%ཙམ་འཕར་བར་བྱ་རྒྱུ། 

གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་༡༢༠༠ཡན་གསར་དུ་ལས་ཞུགས་ཐུབ་པར་བྱ་རྒྱུ། 

གྲོང་མིའི་འཛད་སྤྱོད་རིན་གོང་༣%ཙམ་འཕར་བར་བྱ་རྒྱུ། 

འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་༡.༣ཡན་ཟིན་པར་བྱ་རྒྱུ། 

རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཚན་རྩིས་ནུས་རྒྱུའི་ཟད་གྲོན་༢.༥%ཙམ་བཅག་རྒྱུ། 


གསུམ། ད་ལོའི་གཙོ་གནད་ལས་དོན་ཁག་ཅིག 

ནོར་སྲིད། ནོར་སྲིད་ཀྱི་ཆད་གྲངས་ཚད་གཞི་དེ་༣%གཞིར་བཟུང་བཀོད་སྒྲིག་བྱ་རྒྱུ།  སྤྱིར་བཏང་གི་སྤྱི་སྤྱོད་སྔོན་རྩིས་གཏོང་སྒོ་དེ་ལོ་གོང་མ་དང་བསྡུར་ན་སྒོར་དུང་ཕྱུར་ཁྲི་༡.༡གོང་མཐོར་གཏང་རྒྱུ།  

སྲིད་གཞུང་གི་མ་འཇོག  ས་གནས་སྲིད་གཞུང་གི་ཆེད་སྤྱོད་ཆད་འཛིན་སྒོར་དུང་ཕྱུར་ཁྲི་༣.༩བཀོད་སྒྲིག་བྱ་རྒྱུ། ཀྲུང་དབྱང་སྔོན་རྩིས་ནང་མ་འཇོག་སྒོར་དུང་ཕྱུར་༧༠༠༠བཀོད་སྒྲིག་བྱ་རྒྱུ། 

དམིགས་བསལ་རྒྱལ་བུན། ད་ལོ་ནས་བཟུང་ལོ་འགའ་བསྟུད་མར་ཡུན་རིང་བའི་དམིགས་བསལ་གྱི་རྒྱལ་བུན་གཏང་རྒྱུ་དང་། ཆེད་དངུལ་ནི་རྒྱལ་ཁབ་ཀྱི་གལ་ཆེའི་ཐབས་ཇུས་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱ་རྒྱུར་སྤྱད་རྒྱུ་དང་། ད་ལོ་སྔོན་ལ་སྒོར་དུང་ཕྱུར་ཁྲི་༡གཏང་རྒྱུ།

འབྱུང་འགྱུར་ཐོན་ལས། ཚད་རྡུལ་ལག་རྩལ་དང་ཚེ་སྲོག་ཚན་རིག་སོགས་ཀྱི་འགྲན་རིམ་གསར་པ་གསར་གཏོད་བྱ་རྒྱུ།   

གྲངས་འཛིན་དཔལ་འབྱོར། མི་ཐབས་རིག་ནུས་གསར་སྤེལ་བྱ་རྒྱུ།  

འཛད་སྤྱོད། འཛད་སྤྱོད་དངོས་པོ་རྙིང་པ་གསར་བརྗེ་དང་། རིག་ལྡན་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། གློག་རྡུལ་ཐོན་རྫས་སོགས་འཛད་སྤྱོད་ཆེ་གྲས་གོང་མཐོར་གཏང་རྒྱུ།

སྡོད་ཁང་། འགན་ལེན་ཡོད་པའི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏང་རྒྱུ་དང་། ཚོང་སྒྱུར་ཁང་པའི་འབྲེལ་ཡོད་རྩ་བའི་ལམ་ལུགས་འཐུས་ཚང་བཟོ་རྒྱུ། 

ལས་ཞུགས། གཞོན་ནུ་ལས་ཞུགས་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ། སྟབས་བསྟུན་ལས་ཞུགས་ཞབས་ཞུའི་འགན་སྲུང་བྱ་ཐབས་རིགས་དབྱེ་ནས་འཐུས་སྒོ་ཚང་དུ་གཏང་རྒྱུ། 

ཤང་གྲོང་དར་རྒྱས། རྒྱལ་ཡོངས་སུ་འབྲུ་རིགས་གཙོ་བོ་གསུམ་གྱི་ཐོན་སྐྱེད་མ་གནས་དང་ཡོང་འབབ་འགན་བཅོལ་སྲིད་ཇུས་ལག་བསྟར་བྱ་རྒྱུ། གློག་གསོག་སྒམ་དང་། གྲང་རིགས་ཟོག་འདྲེན། སྐུར་སྐྱེལ་སྤྲོད་ཉར་གྱི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་བཅས་ལ་ཤུགས་སྣོན་བརྒྱག་རྒྱུ།  

གྲོང་ཁྱེར་དང་གྲོང་རྡལ་ཅན། གྲོང་ཁྱེར་གསར་སྒྱུར་གྱི་ལམ་ལུགས་ལག་བསྟར་བརྟན་པོ་བྱ་རྒྱུ། སྡེ་ཁུལ་རྙིང་པར་གློག་སྐས་སྒར་བ་དང་། རླངས་འཁོར་འཇོག་དཀའ་བའི་དཀའ་གནད་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ། 

སློབ་གསོ། རྨང་གཞིའི་སློབ་གསོ་ལེགས་པའི་ཕྱོགས་སུ་རྒྱ་བསྐྱེད་དང་སྤུས་ཚད་གོང་མཐོར་གཏོང་བའི་ལམ་ལུགས་སྤེལ་རྒྱུ། བུ་བཅོལ་སློབ་གསོ་སྤྱི་ཡོངས་ལ་ཕན་པ་དང་འཕེལ་རྒྱས་ཡོང་རྒྱུར་སྐུལ་གདེད་གཏང་རྒྱུ།  

སྨན་བཅོས་འགན་བཅོལ། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་དེ་སྒོར་༣༠མཐོ་རུ་གཏང་རྒྱུ།  

སྤྱི་ཚོགས་འགན་སྲུང་། གྲོང་ཁྱེར་དང་ཤང་གྲོང་གི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་དེ་ཟླ་རེར་མ་མཐའ་ཡང་སྒོར་༢༠མཐོ་རུ་གཏང་རྒྱུ་དང་། ལས་འཁྱུར་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མུ་མཐུད་གོང་མཐོར་གཏང་རྒྱུ། རྒྱལ་ཡོངས་སུ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ལག་བསྟར་བྱ་རྒྱུ། བྱ་ཐབས་སྣ་མང་སྤྱད་དེ་བུ་གསོའི་ཞབས་ཞུ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏང་རྒྱུ།   

སྒོ་དབྱེ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱིས་མ་འཇོག་བྱས་མི་ཆོག་པའི་ཚད་བཀག་དེ་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཁྲོམ་རར་ཞུགས་པའི་ཚད་གཞི་ལྷུག་ཏུ་གཏང་རྒྱུ།  ཕྱི་རྒྱལ་བ་ཀྲུང་གོར་ལས་ཀ་དང་། སློབ་སྦྱོང་། ཡུལ་སྐོར་ཡོང་རྒྱུར་སྟབས་བདེ་བསྐྲུན་རྒྱུ།  

ཁོར་ཡུག་སྲུང་སྐྱོང་། འབྱུང་འཕྲོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནོར་ཁྲལ་དང་། དངུལ་རྩ། མ་འཇོག རིན་གོང་བཅས་ཀྱི་སྲིད་ཇུས་དང་འབྲེལ་ཡོད་ཁྲོམ་ར་ཅན་གྱི་ལམ་སྲོལ་འཐུས་ཚང་བཟོ་རྒྱུ།