ཅི་ཞིག་ལ་“གྲོས་འགོ་་”དང་“གྲོས་གཞི་”ཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-05   རྩོམ་ཁུངས།    མི་དམངས་དྲ་བ།


        AIཡི་ཆ་ནས་ཚོགས་འདུ་གཉིས་ཀྱི་སྐོར་སློབ་སྦྱོང་བྱེད། ཁྱེད་ཀྱིས་ཚོགས་འདུ་གཉིས་ཀྱི་ཐོག་རྒྱུན་དུ་གླེང་བའི་“གྲོས་གཞི་”དང་“གྲོས་འགོ་”ཞེས་པ་ཅི་ཞིག་ཡིན་པ་ཤེས་སམ། 

        “གྲོས་འགོ་”ནི་མི་དམངས་འཐུས་ཚོགས་ཀྱི་ཆེད་སྤྱོད་ཐ་སྙད་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་འགོ་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་བཏོན་པའི་གྲོས་དོན་གྱི་མ་ཡིག་ཡིན། གྲོས་ཚོགས་ཀྱི་གྲོས་རིམ་དུ་བཀོད་པའི་གྲོས་འགོ་རྣམས་འཐུས་མིའི་ཚོགས་པ་ཁག་གིས་གྲོས་ཞིབ་བྱ་རྒྱུ་དང་། ཀྲུའུ་ཞིའི་ཚོགས་པས་ཆབས་ཅིག་ཏུ་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱ་རྒྱུར་སྤྲད་ནས་གྲོས་ཞིབ་དང་སྙན་ཞུ་ཕུལ་ཆོག་ཅིང་། ཀྲུའུ་ཞི་ཚོགས་པས་གྲོས་ཞིབ་བྱས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་མིན་གྲོས་ཐག་གཅོད་རྒྱུ། 

        “གྲོས་གཞི་”ཞེས་པ་ནི་སྲིད་གྲོས་ཀྱི་ཆེད་དོན་ཐ་སྙད་ཡིན་ཞིང་། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཏང་ཤོག་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་འཚོག་རིང་གི་རིགས་ཁོངས་དང་། ཨུ་ཡོན་གྱི་ཚོ་ཆུང་བཅས་ཀྱིས་སྲིད་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་སམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འདོན་པ་མ་ཟད། ཞིབ་བཤེར་ཨུ་ཡོན་ལྷན་ཁང་ངམ་གྲོས་གཞིའི་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་བའི་ཡིག་ཐོག་གི་བསམ་འཆར་དང་གྲོས་གཞིར་ཟེར།

        གཞན་ཡང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ལས་དོན་ཕྱོགས་གང་ཅིའི་ཐད་ཀྱི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་བཏོན་པ་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གཅོད་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་དང་རྩ་འཛུགས་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུར་སྤྲོད་པ་མ་ཟད་ལན་བསློག་དགོས།