ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2024ལོ་འཁོར་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ2པའི་ཚེས་29ཉིན། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་2024ལོ་འཁོར་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། གྲོས་ཚོགས་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ན་ནིང་གི་ལས་དོན་ལ་ཕྱོགས་བསྡོམས་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་ད་ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ད་ལོའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་གནང་བ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་བྱས།  ཁུལ་ཨུའི་རྒྱུན་ཨུ།  ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སྐལ་བཟང་རྣམ་རྒྱལ་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས།

        ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་ཁྲོད་བསྟན་དོན།  2023ལོར།  ཁུལ་ཡོངས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་"དག་བཅོས་གཅིག་མཐུན་"གྱི་བསམ་བློའི་སློབ་གསོ་ཏན་ཏིག་སྤེལ་བ། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་ཁྱབ་ཁོངས་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ། ཁུལ་ཡོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།  2024ལོར། ཁུལ་ཡོངས་འཐབ་ཕྱོགས་གཅིག་གྱུར་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་བ་དང་། ཐེངས་གཉིས་པའི་"དག་བཅོས་གཅིག་མཐུན་"གྱི་བསམ་བློའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ། རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས། དྲིན་གཟོ་བའི་འདུ་ཤེས་བཅས་སྔར་བས་ཇེ་དྲག་ཏུ་གཏོང་དགོས།  ཕུགས་བསམ་དང་དད་སེམས་སྐོར་གྱི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རང་འགུལ་གྱིས་ཞབས་ཞུ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རོགས་བཅས་བྱ་དགོས།  རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་དོན་གྱི་རྣམ་པ་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ནས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོར་ཆེས་རྒྱ་ཁྱབ་ཀྱི་མི་སེམས་གཅིག་ཏུ་སྒྲིལ་བ་དང་སྟོབས་ཤུགས་ཆེ་ཤོས་གཅིག་ཏུ་སྒྲིལ་དགོས།

        གྲོས་ཚོགས་ཐོག་བསྟན་དོན།2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ།  ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་"ལོ་གསུམ་སྐས་རིམ་དུ་འཛེགས་པའི་"འགག་རྩའི་ལོ་ཞིག་ཡིན།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་རྒྱུ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། "ཞིབ་ཚགས་དང་། སྤུས་དག་རྩེར་སོན་"བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ་མིག་སྔའི་དུས་བབ་དང་ལས་འགན་ལ་ངོས་འཛིན་གསལ་པོ་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་གནད་སྨིན་ཤུགས་སྣོན་རྒྱག་པ། གཙོ་གནད་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་འགན་འཁྲི་ཏན་ཏིག་འཁུར་བ། འཐབ་ཕྱོགས་གཅིག་གྱུར་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་པ། "ནུས་པ་རིགས་བདུན་"རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་དགོས། དེ་བས་ཁྱོན་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་"དོན་ཆེན་བཞི་"མཉམ་འདྲེས་དང་ཞབས་འདེགས་ཞུས་ཏེ་རང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།