རང་ཁུལ་གྱིས་ཁུལ་ཁོངས་གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་བཞུགས་མོལ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཟླ་2ཚེས་27ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཁོངས་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་།     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་དབང་ཁེ་ལས་སྒྱུར་བཅོས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཁུལ་རང་གི་རྒྱལ་དབང་ཁེ་ལས་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བསྐྱར་མ་དང་།    བཀོད་སྒྲིག་བསྐྱར་མ་བཅས་བྱས་པ་རེད།    

        ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱི་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་བྱ་ཐབས་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་བདེ་ཆེན་ཁུལ་ཡུལ་སྐོར་ཚོགས་པ་དང་།    བདེ་ཆེན་ཁུལ་གསར་སྤེལ་མ་འཇོག་ཚོགས་པ།    ཡུན་ནན་བདེ་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་པ།    བདེ་ཆེན་ཁུལ་ཚ་ཤུགས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་ཁེ་ལས་ཀྱི་གཞི་རྩའི་གནས་ཚུལ་དང་།    འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ།    འཕེལ་རྒྱས་ཀྱི་འཆར་གཞི་སོགས་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་རེད།   

        ལུའོ་ཁྲའོ་ཧྥེང་གིས་སྔར་ནས་བཟུང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྒྱལ་དབང་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཚད་མཐོའི་ཐུགས་ཁུར་དང་དོ་ཁུར་བྱས་ཡོད། རྒྱལ་དབང་ཁེ་ལས་ཀྱིས་དུས་བབ་གསལ་རྟོགས་བྱས་ནས་རྒྱལ་དབང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་ཐོན་ལས་ལ་སྐུལ་འདེད་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན་པ་རེད། 

   ལུའོ་ཁྲའོ་ཧྥེང་གིས་ཁུལ་ཁོངས་རྒྱལ་དབང་ཁེ་ལས་ཀྱི་འགོ་ཁྲིད་པས་འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ཆེ་རུ་གཏོང་དགོས།     རྒྱལ་དབང་ཁེ་ལས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་གཙོ་ཁྲིད་ཐོན་ལས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་།    ཁྲིམས་ལྟར་ཁེ་ལས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ།    ཁེ་ལས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།