མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་རྐྱང་ཁྱུ་མངོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-01   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    ཉེ་ཆར། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དང་གན་རྒྱ་བཞག་པའི་པར་བས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སུ་རུ་ཤང་གཡག་ཁེངས་ཤང་། ལུང་དམར་ཤང་སོགས་སུ་རྐྱང་ཁྱུ་པར་ལེན་ཐུབ་པ་བྱུང་། རྐྱང་དེ་དག་གིས་ཡང་ན་རྩྭ་ཟ་ཞིང་ཡང་ན་སྡོང་ཐུང་ནགས་ཚལ་ནང་རྒྱུ་བ། ཁྱུ་ཚོགས་དང་ཉེ་སའི་གསེར་མདོག་གི་རྩྭ་ཐང་། རྒྱང་རིང་གི་གངས་རི་བཅས་ཀྱི་ཐུན་མོང་མ་ཡིན་པའི་རི་མོ་ཞིག་གྲུབ།

    ཀྲུང་གོའི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རྐྱང་ནི་མདོ་དབུས་མཐོ་སྒང་སྟེང་ཆེད་མཚོན་བྱེད་རང་བཞིན་ལྡན་པའི་སྲོག་ཆགས་རིགས་ཡིན། མང་ཤས་མདོ་དབུས་མཐོ་སྒང་གི་ས་བབ་སྨི3600ནས5400ཟིན་པའི་མཐོ་སྒང་གི་རྩྭ་ཐང་དུ་གནས་ཡོད། ཉེ་བའི་ལོ་ཤས་རིང་ལ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་པ་དང་བསྟུན། རྐྱང་ཁྱུ་སོགས་ཀྱི་སྲོག་ཆགས་རྩ་ཆེན་རིགས་ཀྱང་ཡང་ཡང་མངོན་པ་རེད། །


རྩྭ་ཐང་གི་རྐྱང་།


རྩྭ་ཐང་དུ་རྒྱུག་བཞིན་པའི་རྐྱང་ཁྱུ།


རྐྱང་ཁྱུ།