འབའ་ལུང་རྫོང་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན།འབའ་ལུང་རྫོང་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དང་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དེ་འབའ་ལུང་རྫོང་མི་རིགས་རིག་གནས་ཐང་ཆེན་དུ་སྤེལ་བ་རེད།

   

    ཐེངས་འདིའི་བྱ་འགུལ་ནི་འཆམ་མཐུན་གྱི་ཡུང་ཁྲུན་དང་མཛེས་པའི་ལྷ་ཕུ》《བཀྲ་ཤིས་པའི་རྫ་ཆུབཅས་ལེའུ་གསུམ་ལས་གྲུབ་ནས།འཇང་གླུ་ལེན་པ་དང་།ལི་སུའུ་ཞབས་བྲོ་འཁྲབ་པ།བོད་ཀྱི་ཁྱིམ་དུ་བཀྲ་ཤིས་སྨོན་ལམ་འབུལ་བ་བཅས་བྱས་ཏེ།འབའ་ལུང་རྫོང་གི་མི་རིགས་ཁག་གི་མང་ཚོགས་དགའ་སྤྲོའི་ལྷན་འཛོམས་བྱས་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་མགྲོན་པོར་ངོ་མཚར་ཆེ་ཞིང་ཕུན་སུམ་ཚོགས་པའི་མི་རིགས་མང་བའི་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་དང་དམིགས་བསལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་བྱས་པ་རེད།