སྣ་མའི་མེ་ཏོག་འགྲེམ་སྟོན་ཁྲོད་ཀྱི་བྱ་དགའ་ཐོབ་པའི་མེ་ཏོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་27ཉིན། སྐབས་སོ་གཅིག་པའི་ཀྲུང་གོ(འབའ་ལུང་)སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་འབའ་ལུང་རྫོང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

    སྐུ་ཉིད་ཀྱིས་གཤམ་དུ་སྐབས་སོ་གཅིག་པའི་ཀྲུང་གོ(འབའ་ལུང་)སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཐོག་དམིགས་བསལ་གྱི་གསེར་གྱི་བྱ་དགའ་ཐོབ་པའི་སྣ་མའི་མེ་ཏོག་ལ་སྤྱན་གཟིགས་གནང་རོགས།

    རྒྱུས་ལོན་བྱུང་བ་ལྟར་ན།སྐབས་འདིའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཀྱི་ཚོགས་ར་གཙོ་བོར་ཁྱོན་འགྲེམས་གནས་གཙོ་བོ་27བཙུགས་པ་དང་། ཁང་པའི་ཕྱི་རོལ་དུ་སྨི་ངོས་གྲུ་4000ཡི་འགྲེམས་ཁུལ་ཡོད་པས་སྣ་མའི་མེ་ཏོག་དགའ་མཁན་ལ་སྤེལ་རེས་དང་དཔྱད་གཞི་མཁོ་འདོན་བྱས་ཡོད།འགྲེམས་ཁང་གིས་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ་དང་སྣ་མའི་མེ་ཏོག་གི་རིག་གནས་འགྲེམས་སྟོན་དང་སྤེལ་རེས།སྣ་མའི་མེ་ཏོག་ལ་རོལ་མྱོང་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་རྒྱལ་ཁབ་ཀྱི་སྤུས་ལེགས་སྣ་མའི་མེ་ཏོག་གཞོང་བ4000ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།

    ཐེངས་འདིའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཀྱི་སྣ་མའི་མེ་ཏོག་དཔྱད་བསྡུར་ནི་སྣ་ཁ་དང་འདབ་མའི་དབྱིབས།སྤྱི་ཡོངས་ཀྱི་བཟོ་དབྱིབས་སོགས་ལ་གཞིགས་ནས་དམིགས་བསལ་གྱི་གསེར་གྱི་བྱ་དགའ་20དང་།གསེར་གྱི་བྱ་དགའ་40 དངུལ་གྱི་བྱ་དགའ་60 ཟངས་ཀྱི་བྱ་དགའ་80 ཕུལ་བྱུང་བྱ་དགའ་100 རྩ་འཛུགས་ཀྱི་བྱ་དགའ་20་བཅས་དཔྱད་འདེམས་བྱས་པ་རེད།