སྐབས་སོ་གཅིག་པའི་ཀྲུང་གོའི་(འབའ་ལུང་)སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་གཟབ་རྒྱས་ངང་འགོ་ཚུགས་པ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ2པའི་ཚེས27ཉིན།སྐབས་སུམ་ཅུ་སོ་གཅིག་པའི་ཀྲུང་གོའི་(འབའ་ལུང་)སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་དེ་འབའ་ལུང་རྫོང་ཟོག་འགྲེམས་ཚོང་དོན་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས།

    ཐེངས་འདིའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་དེ་ཀྲུང་གོ་མེ་ཏོག་མཐུན་ཚོགས་སྣ་མའི་མེ་ཏོག་ཡན་ལག་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་།འབའ་ལུང་རྫོང་ཨུ་དང་འབའ་ལུང་རྫོང་མི་དམངས་སྲིད་གཞུང་གིས་གཉེར་འགན་འཁུར་བ།འབའ་ལུང་རྫོང་ཚན་རིག་ལག་རྩལ་མཐུན་ཚོགས་དང་།འབའ་ལུང་རྫོང་སྣ་མའི་མེ་ཏོག་མཐུན་ཚོགས་ཀྱིས་གཞོགས་འདེགས་བྱས་པ་རེད།

    ཐེངས་འདིའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཀྱི་དམིགས་ཡུལ་ནི་ཉེ་བའི་ལོ་ཤས་རིང་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་འགྲེམས་སྟོན་དང་སྣ་མའི་རིག་གནས་ཀྱི་ཞིབ་བསྡུར་དང་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་འབའ་ལུང་གི་ཚོན་མདངས་རྣམ་པར་བཀྲ་བའི་མི་རིགས་རིག་གནས་སྔར་བས་འགྲེམས་སྟོན་བྱ་རྒྱུ་དེ་རེད།

    བྱེད་སྒོའི་ཐོག་ཞིང་ཆེན་ཕྱི་ནང་ནས་ཡོང་བའི་སྣ་མའི་མེ་ཏོག་མཐུན་ཚོགས་དང་དེ་བཞིན་སྣ་མའི་མེ་ཏོག་རྩ་འཛུགས། སྣ་མའི་མེ་ཏོག་ཁེ་ལས་འགྲེམས་སྟོན་ནང་ཞུགས་རྒྱུར་གདན་དྲངས་པ་དང་། ཁྱོན་རྒྱལ་ཁབ་ཀྱི་སྤུས་ལེགས་སྣ་མའི་མེ་ཏོག་གཞོང་པ་4000ལྷག་ཙམ་འགྲེམས་སྟོན་བྱས་པ་རེད།དུས་མཚུངས་སུ་ད་དུང་པར་ལེན་བརྩམས་ཆོས་130འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱས་ཡོད།

    འགོ་ཚུགས་མཛད་སྒོའི་བྱ་འགུལ་གྱི་ཡུལ་དངོས་སུ་ད་དུང་བདེ་ཆེན་ཁུལ་ཞིང་ལས་དངུལ་ཁང་འབའ་ལུང་ཡན་ལག་དངུལ་ཁང་གིས་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་ཡིད་ཆེས་ཐོབ་པའི་མཛད་སྒོ་འཚོགས་པ་དང་། དེ་བཞིན་ཀྲུང་གོ་མེ་ཏོག་མཐུན་ཚོགས་སྣ་མའི་མེ་ཏོག་ཡན་ལག་མཐུན་ཚོགས་དང་ནན་ཅིང་རྫོང་མི་དམངས་སྲིད་གཞུང་དབར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད།

    ཐེངས་འདིའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཐོག་སྐབས་འདིའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཀྱི་ཚོགས་ར་གཙོ་བོར་ཁྱོན་འགྲེམས་གནས་གཙོ་བོ་27བཙུགས་ཡོད་པ་དང་སྣ་མའི་མེ་ཏོག་གཞོང་བ5000ལྷག་ཙམ་ཤོང་ཐུབ། ཁང་པའི་ཕྱི་རོལ་དུ་ད་དུང་སྨི་ངོས་གྲུ་4000ཙམ་གྱི་འགྲེམས་ཁུལ་ཡོད་པས་སྣ་མའི་མེ་ཏོག་དགའ་མཁན་རྣམས་སྤེལ་རེས་དང་དཔྱད་གཞི་མཁོ་འདོན་བྱས་ཡོད།

    ཐེངས་འདིའི་སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ནི་དུས་ཡུན་ཉིན་6རིང་སྤེལ་རྒྱུ་ཡིན་ལ།དེའི་རིང་ད་དུང་སྣ་མའི་མེ་ཏོག་གི་ཆེད་ལས་བྱེད་སྒོ་དང་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་རྒྱལ་ཁབ་སྤུས་ལེགས་སྣ་མའི་མེ་ཏོག་བྱ་དགའ་དཔྱད་བསྡུར་དང་འགྲེམས་སྟོན།སྐབས་བཅུ་གཅིག་པའི་ཀྲུང་གོའི་སྣ་མའི་མེ་ཏོག་ཐོན་ལས་འཕེལ་རྒྱས་གླེང་སྟེགས།ཀྲུང་གོའི་མེ་ཏོག་མཐུན་ཚོགས་སྣ་མའི་མེ་ཏོག་ཡན་ལག་མཐུན་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་2024ལོའི་ལོ་ཚོགས།སྣ་མའི་མེ་ཏོག་དངོས་མང་སྟོན་ཚོགས་ཀྱི་མགྲོན་བསུ་དགོང་ཚོགས།སྣ་མའི་མེ་ཏོག་ཡིག་རིས་པར་ལེན་བརྩམས་ཆོས་འགྲེམས་སྟོན།སྣ་མའི་མེ་ཏོག་འདེབས་འཛུགས་དཔེ་སྟོན་གླིང་དང་སྣ་མའི་མེ་ཏོག་གྲོང་ཚོར་ཡུལ་དངོས་ལྟ་སྐོར་རྟོག་ཞིབ་དང་དེ་བཞིན་ཐོན་ལས་འོས་སྦྱོར།འབའ་ལུང་ཡུལ་སྐོར་འོས་སྦྱོར་ཚོགས་འདུ།མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་འོས་སྦྱོར།མི་རིགས་འགྲོ་འོང་སྤེལ་རེས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།ཕྱོགས་ཡོངས་ནས་འབའ་ལུང་གི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་པར་བྱེད་རྒྱུ་རེད།