བདེ་ཆེན་གྱིས་ནུས་ཤུགས་ཡོད་དགུས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་འགོའི་དུས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་གནས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་ཁྲོན་པེ་ཚན་རྩལ་ཚད་ཡོད་ཀུང་སིའི་འདེབས་འཛུགས་དྲོད་ཁང་ཆེ་མོའི་འགྲེམས་སྟོན་ཁུལ་དུ་ནག་སྨུག་སྙི་བ་དང་།ཀན་སུའུ་སྙི་བ། ཝ་པུའུ་སྙི་བ་སོགས་ཞིང་ནང་དུ་ཡོད་པ་དང་།ཀུང་སི་འདིས་ཐོན་སྐྱེད་བྱས་པའི་སྙི་བའི་སྤུས་ཚད་མཐོ་བ་དང་།ཚོང་ལམ་རྒྱ་ཆེ་བ།དགོས་མཁོ་ཆེ་བས་ཚོང་རའི་མདུན་ལྗོངས་རྒྱ་ཆེན་པོ་ཡིན་པ་རེད།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་ཡུན་ནན་ཞིང་ཆེན་གྱིས་འཛམ་གླིང་གི་“ལྗང་མདོག་བཟའ་བཅའི་སྤུས་རྟགས”རྩེ་གྲ་གཏོད་པའི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་རང་བྱུང་ཐོན་ཁུངས་ཀྱི་རང་སྤུས་དང་སྣོད་བཅུད་ཁོར་ཡུག་གི་ལེགས་ཆར་བརྟེན་ནས།ས་མཐོའི་ཁྱད་ལྡན་ཐོན་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཞིང་ལས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། སྐུལ་ཁྲིད་ཁྱབ་འགྱེད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་ས་མཐོའི་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་བྱུང་སྟེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་ཕྱིན་ཡོད།

    2023ལོར་རང་ཁུལ་གྱིས་བཀོད་པ་ལེགས་སུ་གཏོང་རྒྱུར་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་བས་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ངང་འཕར་བ་དང་ལོ་ཧྲིལ་པོར་ཐོན་ལས་རྣམ་གྲངས་105ལག་བསྟར་བྱས་པས་མ་འཇོག་གྲུབ་ཆ་དེ་བས་ལེགས་སུ་ཕྱིན་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་དོན་འགྲུབ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་ནི་ཉོ་སྒྲུབ་དང་།ཐོན་སྐྱེད། ཞིབ་འཇུག་གསར་སྤེལ། ལས་སྣོན། དྲ་ཐོག་ཕྱིར་འཚོང་ཞབས་ཞུ་བཅས་གཞི་གཅིག་ཏུ་གྱུར་པའི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་ཅན་གྱི་ཁེ་ལས་ཤིག་ཡིན།2018ལོའི་ཟླ་6པར་བེ་ཤ་གཅིག་འཐུས་རྣམ་པའི་ཞབས་ཞུ་བཏོན་པ་དང་དྲ་ཐོག་ཏུ་ཞུགས་པའི་དུས་ཚིགས་གཅིག་ཁོ་ནར་ཕྱིར་ཚོང་བྱེད་ཚད་ཁྲི་སྟོང་ལས་བརྒལ་ཡོད།ཉེ་བའི་ལོ་ཤས་རིང་ཀུང་སི་དེས་“ཀུང་སི་དང་རྟེན་གཞི། ཞིང་དུད། དྲ་ཐོག་དང་དྲ་འོག་མཉམ་འབྲེལ་གྱི”ཚོང་གཉེར་བྱེད་སྟངས་ལ་བརྟེན་ནས་སྐུལ་ཁྲིད་དང་ཁྱབ་འགྱེད་ཀྱི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་ཁེ་ལས་ཀྱི་གཞི་ཁྱོན་ཆེ་རུ་དང་སྟོབས་ཆེར་ཧུར་ཐག་བཏང་བ་རེད།

    ན་ནིང་རང་ཁུལ་གྱིས་《བདེ་ཆེན་ཁུལ་གྱི་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་》བཏོན་ནས་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་སྤྱིའི་དམིགས་ཚད་ཁ་གསལ་བཟོས་པ་དང་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འཁྱགས་སྦྲེལ་ཟོག་འགྲེམས་འཛུགས་སྐྲུན་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།དུས་ཚིགས་གོང་མ་གསུམ་པར་ཁུལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ལས་སྣོན་གྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་13.35ཟིན་ཡོད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲང་ཅང་ཤང་ཧའེ་པེན་གྲོང་ཚོ་ནི་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་ས་ཚིགས་ཤིག་ཡིན་པའི་ངོས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཚོན་ཁྲ་ཅན་གྱི་གྱང་བྲིས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྣོད་བཅུད་སྐྲུན་ལ།གྲོང་ཚོ་དང་ཚོགས་ཆུང་གི་ཨར་འདམ་ལམ་དུ་བསྐྱོད་ན་མི་ལ་དྭངས་ཤིང་གཙང་བ་མཛེས་རིས་མིག་ལམ་དུ་ལྷང་ངེར་མངོན་པར་བྱས།

    ན་ནིང་ནས་བཟུང་རང་ཁུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱས་ཏེ་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་དེ་བཞིན་འཐུང་ཆུའི་བདེ་འཇགས་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་སྲ་བརྟན་དང་མཐོ་རུ་བཏང་བ་དང་།འོས་འགན་སློབ་གསོའི་དུས་མཚམས་ཀྱི་དབུལ་སྒྲོལ་ཁྱིམ་ཚང་གི་སློབ་མ་སློབ་མཚམས་ཆད་མེད་པ་དང་དབུལ་སྒྲོལ་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་སྨན་བཅོས་འགན་བཅོལ་ཐད་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་ནས།གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་དེ་བཞིན་ཞིང་པའི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་དུད་ཚང་2510ལེགས་སྒྲུབ་བྱས་ལ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་རྣམ་གྲངས་34ལག་བསྟར་བྱས་ནས་མི་ཁྲི་6.2ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་དང་ལེགས་སུ་བཏང་ཡོད།

    ཐོན་ལས་དར་ན་གྲོང་གསེབ་དར་རྒྱས་ཡོང་།གོམ་སྟབས་རྗེས་མར་རང་ཁུལ་གྱིས་“རྩ་འཛུགས་ཅན་གྱི་ཆུ་ཚད་དང་།གཞི་ཁྱོན་ཅན་གྱི་ཆུ་ཚད་།ཚད་ལྡན་ཅན་གྱི་ཆུ་ཚད་བཅས་མཐོ་རུ་གཏོང་བ་དང་། ཐོན་ལས་ཅན་གྱི་ལམ་བུའི་ཐོག་སྐྱོད་པ། ཞིང་ལས་སྤུས་རྟགས་ཅན་གཏོད་པའི་”བླང་བྱ་གཞིར་བཟུང་། དེང་རབས་ཞིང་ལས་ཀྱི་ལོ་གསུམ་བྱ་སྤྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། དེང་རབས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་འདེབས་འཛུགས་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་ལག་བསྟར་ཡག་པོ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་སོན་སྲུང་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་དགོས།