དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-26   རྩོམ་ཁུངས།    མི་དམངས་དྲ་བ།

འདི་ནི་ཟླ་2ཚེས་11ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡུལ་སྐོར་བས་ཁེངས་པ།

འདི་ནི་ཟླ་2ཚེས་11ཉིན་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡུལ་སྐོར་བས་ཁེངས་པ།
    དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་བྱེད་སྒོའི་སྐུལ་འདེད་འོག་བོད་ལྗོངས་ལྷ་སའི་ཕོ་བྲང་པོ་ཏ་ལ་དང་། བར་སྐོར། གནམ་མཚོ་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་མང་པོ་སླེབས་ནས་ཡུལ་སྐོར་གྱི་ཁྲོམ་ར་ཧ་ཅང་འཁྲུག་ཆ་དོད་པོ་ཡོད།
    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོ་ནས་2024ལོའི་བར“དགུན་དུས་བོད་དུ་ཡུལ་སྐོར་བྱེད”ཅེས་པའི་ཁྲོམ་རའི་སྐུལ་འདེད་བྱེད་སྒོའི་དུས་ཚོད་ནི་2023ལོའི་ཟླ་11ཚེས་1ཉིན་ནས་2024ལོའི་ཟླ་3ཚེས་15ཉིན་བར་ཡིན་པ་དང་། དེའི་རིང་དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། བོད་རང་སྐྱོང་ལྗོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་ཚང་མར་རིན་མི་དགོས་པར་ཡུལ་སྐོར་བྱེད་ཆོག་གི་ཡོད།