བདེ་ཆེན་ཁུལ་གྱིས་རྒན་རྒོན་ཚོར་མྱོང་ཚོར་ནུས་པའི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2023ལོར་བདེ་ཆེན་གྱིས“རྒན་རྒོན་གྱི་བདེ་སྐྱིད་ཟ་ཁང”སོགས་ཞབས་ཞུའི་བྱེད་ཐབས་ཁྱབ་གདལ་ཧུར་ཐག་བཏང་ནས་མ་དངུལ་སྒོར་ཁྲི་6223བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་རྣམ་གྲངས་22ལག་བསྟར་བྱས་པས་མང་ཚོགས་ཁྲི་5.33ལ་ཕན་པ་ཐོབ་ཡོད་པ་རེད།

        རྒས་དུས་འཚོ་རྟེན་ཡོད་པ་དང་།  ཚེ་མཇུག་རོལ་བར་འགན་ལེན་ཡོད་པ།

        《བདེ་ཆེན་ཁུལ་གྱི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཞབས་ཞུའི་ཁ་གསབ་ལག་བསྟར་བྱ་ཐབས(ཚོད་ལྟའི་ལག་བསྟར)》བཟོས་བ་དང་བཏོན་ནས་ཁུལ་དེའི་ཐེམ་ཐོ་དང་ལོ་80ཡན་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་རྒན་རྒོན་དང་ཁ་ཐོར་བསྙེན་བཀུར་གྱི་རྒན་རྒོན་ལ་མི་རེར་ཟླ་རེར་སྒོར་50ཡི་ཚད་གཞི་ལྟར་ཞབས་ཞུའི་ཁ་གསབ་སྤྲད་ཡོད་པ་དང་། ལོ་དེའི་ནང་མ་དངུལ་སྒོར་ཁྲི་143བཏང་བ་དག་རྒན་གསོའི་སྒྲིག་གཞི་6གི་རིམ་སྤོར་སྒྱུར་བཀོད་དང་། སྒྲིག་ཆས་ཉོ་སྒྲུབ། མི་སྣ་གསོ་སྦྱོང་བཅས་སུ་བཏང་ཡོད་པས་ཁུལ་ཡོངས་ཀྱི་རྒན་གསོའི་སྒྲིག་གཞིའི་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། མ་དངུལ་སྒོར་ཁྲི་1447བཏང་ནས་གྲོང་གསེབ་ཀྱི་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་3དང་། སྤུས་ཚད་མཐོར་གཏོང་སྒྱུར་བཀོད་ཀྱི་གྲོང་གསེབ་ཀྱི་རྒན་གསོ་ཁང་5གསར་སྐྲུན་(སྒྱུར་བཀོད)ལ་རྒྱབ་སྐྱོར་བྱས་ཡོད། རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་མ་དངུལ་སྒོར་ཁྲི་300བཏང་ནས་དུད་ཚང་རེར་ཆ་སྙོམས་སྒོར་3000ཡི་ཁ་གསབ་ཚད་གཞི་ལྟར་ཁ་ཐོར་བསྙེན་བཀུར་བྱེད་སའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་དང་། ནུས་ཤོར་རྒན་གསོ། དབང་པོ་སྐྱོན་ཅན་གྱི་རྒན་རྒོན་བཅས་ཀྱི་ཁྱིམ་ཚང་1000རྒན་རྒོན་ལ་སྒྱུར་བཀོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལོ་ན་མཐོ་བའི་རྒན་རྒོན་གྱི་ཕོགས་སྣོན་དུས་ཐོག་དང་གྲངས་ཚང་ངང་སྤྲད་པས་ལོ་ན་མཐོ་བའི་རྒན་རྒོན་6827ལ་ཕན་པ་ཐོབ་ཡོད་པ་རེད།

        རྒན་གསོའི་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ།

        བདེ་ཆེན་ཁུལ་གྱིས་ཤང་གྲོང་གི་ས་ཁོངས་རང་བཞིན་གྱི་རྒན་གསོའི་ཞབས་ཞུ་ལྟེ་གནས་དང་གྲོང་ཚོའི(སྡེ་ཁུལ)ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་སོགས་སྒྲིག་བཀོད་ལ་བརྟེན་ནས་རྒན་རྒོན་གྱི་ཟ་ཁང་ནང་བཅུག་ནས“རྒན་གསོའི་སྒྲིག་ཆས་དང་ཟས་སྐྱོར་ཟུང་འབྲེལ”གྱི་རྣམ་པ་བཏོད་དེ་རྒན་རྒོན་ཚོས་དུས་གཅིག་ཏུ་བག་ཕེབས་ངང་སྤྲོ་གསེང་བྱེད་སྒོ་དང་གོང་ཁེའི་ལྟོ་ཆས་ལོངས་སྤྱོད་ཐུབ་པ་བྱས་པ་རེད།

        2023ལོར་བདེ་ཆེན་ཁུལ་གྱིས་རྒན་རྒོན་དེ་བས་མང་བ་ཞིག་ལ་འཚོ་བའི་ཐད་སྟབས་བདེ་བསྐྲུན་ནས་རྒན་རྒོན་ཚོགས་སྤྱིའི་དཀའ་བྲེལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱས་པ་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་རྒན་གསོའི་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་རྒན་རྒོན་གྱི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་བཏང་བ་རེད།

        རྒས་ན་སྤྲོ་སྐྱིད་ལྡན་པའི་རྒན་རྒོན་གྱི་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།

        2023ལོར་བདེ་ཆེན་ཁུལ་གྱིས་རྒན་རྒོན་ཚོར་རྒས་དུས་སྤྲོ་བ་འཕེལ་བར་བྱེད་ཆེད། ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་ཧུར་ཐག་སྤྱད་ནས་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བའི་བདེ་སྐྱིད་ཀྱི་ཚོར་སྣང་སྔར་བས་ཆེ་རུ་བཏང་ནས་རྒན་རྒོན་གྱི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཡོད།  

        ཁུལ་ཡོངས་ཀྱི་ས་གནས་ཁག་གིས“རྒན་རྒོན་གྱི་ལུས་རྩལ་འཕེལ་རྒྱས་བཏང་ནས་ཞི་མཐུན་གྱི་སྤྱི་ཚོགས་མཉམ་དུ་སྐྲུན”ཞེས་པའི་རྒན་རྒོན་གྱི་གོམ་སྟབས་བརྟན་པོའི་ངང་བྱེད་སྒོ་སྤེལ་བ་དང་། “ཟླ་དགུ་བའི་ཚེས་དགུའི་རྒན་བཀུར་གྱི་བརྩེ་སེམས་ཟབ་མོ”ཞེས་པའི་ཞབས་ཞུའི་བྱེད་སྒོ་དང་། “ལོ་ཟླ་ཁ་ཁུ་སིམ་པོ། བདེ་སྐྱིད་ལྡན་པའི་གྲོགས་པོ”ཞེས་པའི་རྒན་རྒོན་གྱི་འཁྲུངས་སྐར་ཚོགས་འདུ་སོགས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་རྒན་རྒོན་ཚོས་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེ་མོའི་དོ་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཏེ་རྒན་རྒོན་ལ་གུས་བཀུར་དང་། རྒན་རྒོན་ལ་དགའ་ཞེན། རྒན་རྒོན་ལ་བརྩི་བཀུར།  རྒན་རྒོན་ལ་རོགས་རམ་བཅས་ཀྱི་དར་སྲོལ་གསར་པ་རྒྱུན་འཛིན་བྱས་ནས་རྒན་བཀུར་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གིས་བཏོད་ཡོད། རྒན་རྒོན་ལ་སྤྲོ་སྣང་དང་དགའ་ཕྱོགས་དང་རྒས་དུས་འཇོན་ཐང་ཆེ་རུ་གཏོང་བ་ཟུང་འབྲེལ་བྱེད་པའི་འཕེལ་རྒྱས་ཀྱི་སྟེགས་བུ་ཞིག་བཏོད་དེ་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། རྒན་རྒོན་གྱི་སྒོ་དབྱེའི་སློབ་གླིང་གིས་ཞབས་བྲོ་དང་། ལུས་སྦྱོང་སོགས་གཉེར་བས་རྒན་རྒོན་ཚོས་དགའ་པོ་བྱེད་པའི་རིག་གནས་དང་། ལུས་རྩལ། རོལ་རྩེད་བྱེད་སྒོ་སོགས་སྤེལ་ནས་རྒན་རྒོན་ཚོའི་གཟུགས་གཞི་བདེ་ཐང་དང་། སེམས་ཁམས་ལེགས་སུ་གཏོང་བ། འབྲེལ་གཏུག་སྤེལ་རེས། ལུས་སེམས་ལ་སྤྲོ་སྣང་སྦྱིན་པ་སོགས་ཀྱི་དམིགས་ཡུལ་གྲུབ་པ་སོགས་ཀྱི་བྱ་ཐབས་དང་བྱ་ཐབས་སྣ་ཚོགས་ལས་ཁོང་ཚོའི་བསམ་པའི་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།