ལུའོ་ཁྲའོ་ཧྥེང་གིས་གོང་རིམ་གྱི་"གཙོ་འགན་འཁུར་མཁན་"གྱིས་འོག་རིམ་གྱི་"གཙོ་འགན་འཁུར་མཁན་"ལ་ལྟ་སྐུལ་གླེང་མོལ་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་དམངས་ཆེན་དང་། ཁུལ་སྲིད་གཞུང་།  ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་དང་།  རྫོང་(གྲོང་ཁྱེར)གསུམ་གྱི་ཏང་ཨུ་དང་ཁུལ་རིམ་པའི་སྡེ་ཚན་ཁ་ཤས་ཀྱི་"གཙོ་འགན་འཁུར་མཁན་"ལ་ལྟ་སྐུལ་གླེང་མོལ་གནང་བ་རེད། 

        ལུའོ་ཁྲའོ་ཧྥེང་གིས་བསྟན་དོན།  ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གི་"གཙོ་འགན་འཁུར་མཁན་"གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་"གཙོ་འགན་འཁུར་མཁན་"དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་།ཕྱོགས་ཁག་གི་ལྟ་སྐུལ་འགན་འཁྲི་སྔར་བས་ཆེ་རུ་བཏང་ནས་ལྟ་སྐུལ་གྱི་མཉམ་སྒྲུབ་རང་བཞིན་དང་། སྔོན་དཔག་རང་བཞིན། གནད་ལ་འཁེལ་བའི་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

        ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།ལྟ་སྐུལ་གྱི་ཕན་འབྲས་དེ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོག་ནས་མངོན་པ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་གྱི་ལས་འགན་ལེགས་སྒྲུབ་བྱེད་དགོས།  བརྟན་ལྷིང་གི་རྨང་གཞི་དེ་བས་བརྟན་དུ་ཏན་ཏིག་གཏོང་དགོས། ལྟ་སྐུལ་གྱི་ཕན་འབྲས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བའི་ཐོག་ནས་མཚོན་པར་བྱེད་དགོས།  ལྟ་སྐུལ་གྱི་ཕན་འབྲས་དེ་སྤྱོད་གཙང་གཞུང་དྲང་དང་ལས་སྒྲུབ་ལས་གཏོད་ཀྱི་ཆབ་སྲིད་ཀྱི་སྣོད་བཅུད་བཟང་པོ་ཞིག་གཏོད་པའི་ཐོག་ནས་མངོན་པ་བྱེད་དགོས།