ཁུལ་ཨུས་ཐོན་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དབྱེ་ཞིབ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ2པའི་ཚེས22ཉིན་གྱི་སྔ་དྲོར།ཁུལ་ཨུས་ཐོན་ལས་རྣམ་གྲངས་གལ་ཆེན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དབྱེ་ཞིབ་ཚོགས་འདུ་འཚོགས་ནས།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དུས་ཚིགས་དང་པོའི་ཐོན་ལས་རྣམ་གྲངས་གལ་ཆེན་བཀོད་གཏོང་སྐུལ་འདེད་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་རང་ཁུལ་གྱི་2024ལོའི་ཐོན་ལས་རྣམ་གྲངས་གལ་ཆེན་དང་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ལ་ཇུས་འགོད་དང་སྐུལ་འདེད་བཏང་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཀྲང་ཝེ་ཏུང་གིས་ལས་ཀའི་བླང་བྱ་བཏོན་པ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཞུགས་ཡོད།

    ཚོགས་འདུའི་ཐོག་རྫོང་(གྲོང་ཁྱེར་)གསུམ་དང་སེམས་ཀྱི་ཉི་ཟླའི་ཐོན་ལས་ལྡུམ་ཁུལ། དེ་བཞིན་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ལས་དོན་སྙན་སེང་ཞུས་པ་རེད།

    ཚོགས་འདུའི་ཐོག་བརྟན་ལྷིང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས།གྲོང་ཁྱེར་གཞན་དག་དབར་གྱི་ཧེ་བག་ལ་དོ་སྣང་བྱས་ཏེ་ཉེན་ཁའི་ཚོར་སྣང་དང་དགོས་གཏུགས་ཀྱི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཐོན་ལས་དམ་འཛིན་ཆེན་པོ་དང་རྣམ་གྲངས་དམ་འཛིན་ཆེན་པོ་བྱེད་དགོས།“རི་ཆུ་སྟོང་ཕྲག་བརྒལ་བ་དང་།སྐད་ཆ་ཁྲི་སྟོང་མང་པོ་བཤད་པ།ཐབས་བརྒྱ་ཇུས་སྟོང་འདོན་པ།དཀའ་སྡུག་ཚད་མེད་མྱོང་བ་”བཅས་ཀྱི་“སྟོང་བཞིའི”སྙིང་སྟོབས་དར་སྤེལ་ཧུར་ཐག་བཏང་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།ཤུགས་ཚད་སྔར་ལས་ཆེ་བར་བརྟེན་ནས་དམ་འཛིན་ལྷོད་མེད་བྱ་དགོས་ཞེས་བསྟན་པ་རེད།

    ཚོགས་འདུའི་ཐོག་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་བྱས་རྗེས་ཧུར་ཐག་བཞག་ནས་ཐོན་ལས་དམ་འཛིན་དང་རྣམ་གྲངས་དམ་འཛིན་བྱེད་པའི་ཐད་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ་རང་ནུས་གང་ཡོད་བཏོན་ནས་ཞིབ་ཕྲ་དམ་འཛིན་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ལས་ཀའི་སྤྱོད་ཚུལ་ལ་འགྱུར་ལྡོག་ཧུར་ཐག་བཏང་སྟེ་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་ནུས་ཤུགས་ཡོད་རྒུས་རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།“བཅའ་ཁྲིམས་གསུམ་དང་ཅན་གསུམ་”གྱི་བླང་བྱ་གཞིར་བཟུང་རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།ཡིད་ཆེས་བརྟན་པོ་དང་། དམིགས་འབེན་གསལ་པོ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།གཞུང་ཁོངས་ཁེ་ལས་ཀྱིས་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གྱིས་བསྟན་པ་རེད།

    དབྱང་ཙི་ཅང་དང་རྒྱ་མཚོ།ལི་དབྱང་།ཁྲེན་ཆུང་།ཀུའེ་ཅུན་ལིའུ།ཡུས་ཀུའེ་ཧྥུན།ལེའོ་ཝུན་ཚའེ།ལིན་ཧའོ།ཀྲོང་ཞའོ་ཕིང་སོགས་ཚོགས་འདུར་ཕེབས་པ།ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།