དཔྱིད་གསར་དུས་ཆེན་དང་བོད་ལོ་གསར་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི77.18སྣེ་ལེན་ཞུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་རིང་། བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཁྲོམ་ར་མུ་མཐུད་དུ་དར་ཁྱབ་བྱུང་སྟེ་ཡུལ་སྐོར་ལྗོངས་ཁུལ་ཁག་ཏུ་ཡུལ་སྐོར་བས་ཁེངས་ཡོད།  ཚོད་རྩིས་རགས་ཙམ་བྱས་པ་བརྒྱུད།  2024ལོའི་དཔྱིད་གསར་དུས་ཆེན་གྱི་ཐོག་མའི་ཉིན7ནང་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི71.50སྣེ་ལེན་ཞུས་པ་དང་། ན་ནིང་གི་དུས་མཚུངས་ལས་64.5%འཕར་ཡོད།ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4.09བྱུང་ཡོད་པ་དང་ན་ནིང་གི་དུས་མཚུངས་ལས་60.2%འཕར་ཡོད། 

        ཟླ2པའི་ཚེས9ཉིན་ནས་ཚེས20ཉིན་གྱི་བར། སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཁུལ་དང་གྲོང་ཁྱེར་རིམ་པའི་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པས་རིན་མེད་རླངས་འཁོར་འཇོག་ས་2100ལྷག་མཁོ་འདོན་བྱས་པ་དང་།  ཞག་སྡོད་དང་བཟའ་བཏུང་ཚོང་དུད་ཀྱིས་དཔྱིད་གསར་དུས་ཆེན་རིང་སྒོ་མི་རྒྱག་པར་དར་སྤེལ་ཧུར་ཐག་བཏང་ནས་ཡུལ་སྐོར་བའི་ཟས་སྡོད་དང་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།

        བདེ་ཆེན་ཁུལ་གྱིས་དཔྱིད་གསར་དུས་ཆེན་རིང་ད་དུང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རྩ་འཛུགས་བྱེད་དེ། སེམས་ཀྱི་ཉི་ཟླའི་2024ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དམངས་ཕན་བྱེད་སྒོ་སྟེ་དགའ་སྤྲོའི་ཤམ་བྷ་ལ་ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཤང་གྲོང་ཁག་གི་གྲོང་མི་ཚོ་ཆུང་གིས་ད་དུང་མེ་ཕུང་དགོང་ཚོགས་དང་མཉམ་སྤྲོ་དགོང་ཚོགས་སོགས་ཀྱི་དམངས་སྲོལ་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།