རྡོ་མཁར་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་50+སྣེ་ལེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་ཆར། གསར་འགོད་པས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དོ་དམ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོའི་ཟླ་2ཚེས་10ཉིན་ནས་ཚེས་17ཉིན་བར་རྡོ་མཁར་རྫོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་50.8687ལ་སྣེ་ལེན་བྱས་པ་དང་དུས་མཚུངས་ལས་298.45%འཕར་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དོ་དམ་ཚད་ཡོད་ཀུང་སིས་ངལ་གསོའི་ཡུལ་སྐོར་ལས་དོན་གྱི་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རྡོ་མཁར་རྫོང་མཛེས་ལྗོངས་ཁུལ་གྱིས་གོ་རིམ་ལྡན་པ་དང་བདེ་འཇགས་ངང་འཁོར་སྐྱོད་བྱེད་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད། མཛེས་ལྗོངས་ཁུལ་དོ་དམ་དང་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ཞབས་ཞུའི་འགན་ལེན་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ནས་ཡུལ་སྐོར་བར་བདེ་འཇགས་དང་སྐྱིད་པའི་ཡུལ་སྐོར་ཁོར་ཡུག་ཞིག་གཏོད་ཡོད་པ་རེད།