ལོ་གསར་གྱི་གུང་གསེང་རིང་འབའ་ལྷག་དཀར་རྫོང་དུ་ཡུལ་སྐོར་བ་མང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   དཔྱིད་གསར་དུས་ཆེན་རིང་།འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མུ་མཐུད་ངང་མང་དུ་སོང་བ་དང་ཡུལ་སྐོར་གྱི་རྣམ་པ་མུ་མཐུད་འཁྲུག་ཏུ་ཕྱིན་ནས་སྤ་སེ་འཚོང་ས་དང་རླངས་འཁོར་སྒུག་ས་ཚང་མར་རུ་ཁག་རིང་པོ་ཞིག་བརྒྱབ་ཡོད་པ་རེད། སེམས་ཀྱི་ཉི་ཟླར་ཡུལ་སྐོར་དུ་ཡོང་མཁན་ཡུལ་སྐོར་བ་མང་པོ་ཞིག་གིས་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་དུ་བསྐྱོད་དེ་འབའ་ལྷག་དཀར་རྫོང་དུ་གདོད་མའི་ནགས་ཚལ་དང་། ས་མཐོའི་མཚེའུ། ས་མཐོའི་འབྲོག་ར། འཁྱག་རོམ། གྲོག་རོང་སོགས་རང་བྱུང་མཛེས་ལྗོངས་མྱོང་རོལ་བྱས་པ་རེད།