འབྲི་ཆུའི་འགྲམ་ངོགས་སུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་རྒྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འཇོང་རྫོང་ཀོང་རྩེད་ར་གྲོང་རྡལ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྤྱི་ལེ་80ཙམ་གྱི་ལམ་ཐག་ཡོད། གནས་འདི་ནི་གསེར་ལྡན་འབྲི་ཆུའི་ངོགས་ཀྱི་བདེ་ཐང་ཞིག་ཏུ་ཆགས་ཡོད་པས།སྐམ་ས་ཆེ་བའི་རོང་བའི་ཞིང་ལས་ས་ཁུལ་ཡིན་པ་དང་།རྒྱ་མཚོ་ངོས་ནས་སྨི་2108ལས་མེད། ཐུན་མོང་མ་ཡིན་པའི་ས་གཤིས་དང་ནམ་ཟླས་ཡུལ་འདི་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་བ་རྒྱས་སུ་བཅུགདུས་ད་ལྟ་དགུན་ཁ་ཡིན་ཡང་ཀོང་རྩེད་རའི་ཞིང་ཁང་གྲུ་བཞི་རེ་རེའི་མདུན་དུ་སྔོ་ཚལ་དང་དགུན་གྲོ་སྐྱེས་པ་དང་། མེ་ཏོག་སྣ་ཚོགས་ཀྱང་བཞད་པས་ག་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་ཤར་འདུག

    གཞན་ཀོང་རྩེད་ར་ནི་ལོ་རྒྱུས་ཐོག་གལ་ཆེའི་དམག་དོན་གྱི་འགག་སྒོ་ཞིག་དང་ཚོང་འབྲེལ་གྱི་བརྒྱུད་འདྲེན་ས་ཚིགས་ཤིག་ཡིན་ཞིང་།གནའ་བོའི་ཇ་རྟ་གནའ་ལམ་གྱི་གལ་ཆེའི་བརྒྱུད་ལམ་ཡང་ཡིན་ལ།ཀོང་རྩེད་རའི་ཤིང་ཕོར་དང་བོད་སྤུས་ནི་བོད་འབྲེལ་ས་ཁུལ་དུ་མིང་གྲགས་ལྡན་པ་མ་ཟད།གནས་འདི་ལ་སྐོར་བྲོའི་ཕ་ས་ཞེས་པའི་མིང་ཡང་བཏགས་ཡོད་པ་རེད།