སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

་2ཚེས་14ཉིན།རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོས་2024ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་ལུས་རྩལ་འགྲན་ཚོགས་འཚོགས་ཏེ་ཕུན་སུམ་ཚོགས་པའི་རྣམ་པའི་ཐོག་ནས་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།  

    དཔྱིད་གསར་དུས་ཆེན་རིང་།ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོས་ཕུན་སུམ་ཚོགས་པའི་མང་ཚོགས་རང་བཞིན་གྱི་རིག་གནས་དང་ལུས་རྩལ་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད་དེ། ལོ་གསར་ཚེས་གསུམ་ཉིན་ནས་ཚེས་ལྔ་ཉིན་བར་གྲོང་མི་ཚོ་ཆུང་21གིས་ཡུག་སྦྲེལ་ཁུལ་བཞིར་རིག་རྩལ་འཁྲབ་སྟོན་དང་ལན་ཆིའུ་སྤོ་ལོའི་ཐོག་མའི་འགྲན་བསྡུར་བྱས་པ་དང་། ལོ་གསར་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར་ལན་ཆིའུ་སྤོ་ལོའི་མཐའ་བསྡུར་འགྲན་བསྡུར་བྱ་རྒྱུ་དང་སྐབས་དེ་དུས་བདེ་ཆེན་ཁུལ་གླུ་གར་ཚོགས་པ་གདན་དྲངས་བྱེད་ནས་རིག་རྩལ་འཁྲབ་སྟོན་བྱ་རྒྱུ་རེད།