བདེ་ཆེན་གྱིས་ཉིན་4ནང་ཡུལ་སྐོར་བ་མི་ཐེངས་ཁྲི་35.49ལ་སྣེ་ལེན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 

    ཟླ་2ཚེས་9ནས་ཚེས་12ཉིན།བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་35.49ལ་སྣེ་ལེན་བྱས་པ་དང་།དུས་མཚུངས་ལས་114.4%འཕར་བ། རིམ་རྩིས་བྱས་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་2.05ཟིན་པ་དང་དུས་མཚུངས་ལས་111.3%འཕར་ཡོད་པ་རེད།
    རྡོ་མཁར་རྫོང་དུ་ཡུལ་སྐོར་བ་མི་ཐེངས་140225ཟིན་ནས་ཁུལ་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་17གྱིས་ཡུལ་སྐོར་བ་མི་ཐེངས་107557ལ་སྣེ་ལེན་བྱས་པ། དེའི་ནང་པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱི་མི་19581སྣེ་ལེན་བྱས་པ།སྟག་མཆོང་གྲོག་རོང་མཛེས་ལྗོངས་ཁུལ་གྱི་མི་33151སྣེ་ལེན་བྱས་པ།སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱི་མི་28225སྣེ་ལེན་བྱས་པ།ཁ་བ་དཀར་པོ་མཛེས་ལྗོངས་ཁུལ་གྱི་མི་7399སྣེ་ལེན་བྱས་པ།འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱི་མི་2672སྣེ་ལེན་བྱས་པ།ཤམ་བྷ་ལ་དུས་འཁོར་བློས་བསླངས་མཛེས་ལྗོངས་ཁུལ་གྱི་མི་2731སྣེ་ལེན་བྱས་པ།ཆུ་དཀར་ཆུ་ནག་མཛེས་ལྗོངས་ཁུལ་གྱི་མི་2500སྣེ་ལེན་བྱས་པ་ཡོད་པ་རེད།