བདེ་ཆེན་གྱི་ས་གནས་ཁག་ཏུ་དཔྱིད་གསར་དུས་ཆེན་བསུ་བའི་ཕྲེང་བསྟར་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཟླ་2ཚེས་11ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་2024ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དམངས་ཕན་བྱེད་སྒོ་དང་སྤྲོ་སྣང་ལྡན་པའི་ཤམ་བྷ་ལ་ཞེས་པའི་རིམ་སྤེལ་བྱེད་སྒོ་དེ་རྡོ་མཁར་རྫོང་ཟླ་འོད་ཐང་ཆེན་དུ་སྤེལ་བ་དང་སྐོར་བྲོ་དང་དམངས་ཁྲོད་ཀྱི་གླུ་གཞས་འཁྲབ་སྟོན་སོགས་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ནས་ས་གནས་དེ་གའི་མང་ཚོགས་དང་ཕྱི་ནས་ཡོང་བའི་ཡུལ་སྐོར་བར་སྟོན་མོ་གཟབ་རྒྱས་ཤིག་བསྟན་ཡོད་པ་རེད།



    ཟླ་2པའི་ཚེས་12ཉིན། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆུ་འཛོམས་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་ཡོངས་དང་གཞོན་ནུ་སྒྲིག་འཛུགས་བྱས་ནས་ཆུ་འཛོམས་གྲོང་ཚོའི་ལོ་60ཡན་གྱི་རྒན་རྒོན་ཚོར་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། བྱེད་སྒོའི་ཁྲོད་གཞོན་ནུ་ཚོས་བོད་རིགས་ཀྱི་སྲོལ་རྒྱུན་མཛད་སྒོའི་ཐོག་ནས་རྒན་རབས་ལ་རྟེན་འབྲེལ་ཞུས་བ་རེད།


    ཟླ་2ཚེས་12ཉིན། འཇོལ་རྫོང་གི་གཞས་དང་གླུ་གར་དེ་འབྲི་ཆུའི་ངོགས་ཀྱི་ཀོང་རྩེད་རར་ཁྱབ་ཅིང་། མི་རྣམས་ཀྱིས་ཏང་གི་སྲིད་ཇུས་ལ་བསྔགས་བརྗོད་དང་མཛེས་སྡུག་ལྡན་པའི་འཚོ་བར་བསྔགས་བརྗོད་བྱེད་ཀྱི་ཡོད།