ཡིག་གཟུགས་སྒྱུ་རྩལ་ལ་ཡུལ་སྐོར་བས་དགའ་བསུ་ཐོབ།

རྩོམ་པ་པོ།   རྣམ་འཇོམས།  ཡིག་བསྒྱུར།       དུས་ཚོད།   2024-02-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 དཔྱིད་གསར་དུས་ཆེན་རིང་སེམས་ཀྱི་ཉི་ཟླ་ཧྲོའུ་ཞང་དཔེ་རིས་ཁང་དང་ཞའོ་ཏུའུ་ཧྲུན་ཐེང་དཔེ་དེབ་ཁང་གིས་རྩ་འཛུགས་བྱས་པའི་བདེ་ཆེན་གྱི་ཡིག་གཟུགས་མཁས་ཅན་པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་སྐྱོད་པའི་བྱེད་སྒོ་དེ་པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་སྤེལ།   

 པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་རུ་ཡིག་གཟུགས་ཉམས་བྲིས་ཁུལ་བཀོད་སྒྲིག་བྱས་ཡོད་པ་དང་། ཡུལ་སྐོར་བས་སྤུ་སྨྱུག་དང་སྨྱུག་མས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་བྲིས་ཆོག ཡིག་གཟུགས་འབྲི་བའི་ཆུ་ཚད་མཐོ་དམའ་གང་ཡིན་ཡང་།  ཡིག་གཟུགས་འབྲི་བར་ཟབ་ཞུགས་གནང་མཁན་ཚང་མས་ཆེད་ལས་ཡིག་གཟུགས་མཁས་ཅན་གྱི་མཛུབ་ཁྲིད་འོག་བོད་ཀྱི་ཡིག་གཟུགས་དང་རྒྱ་ཡིག་ཡིག་གཟུགས་ཀྱི་མཛེས་སྡུག་ཉམས་སུ་མྱོང་ཐུབ་པ་དང་། དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་ཁ་གཡང་དང་སྤྲོ་སྣང་སྨོན་ཚིག་སོགས་ཉམས་སུ་མྱོང་ཐུབ་པར་ཡོཡིག་གཟུགས་སྒྱུ་རྩལ་ལ་ཡུལ་སྐོར་བས་དགའ་བསུ་ཐོབ།

    དཔྱིད་གསར་དུས་ཆེན་རིང་སེམས་ཀྱི་ཉི་ཟླ་ཧྲོའུ་ཞང་དཔེ་རིས་ཁང་དང་ཞའོ་ཏུའུ་ཧྲུན་ཐེང་དཔེ་དེབ་ཁང་གིས་རྩ་འཛུགས་བྱས་པའི་བདེ་ཆེན་གྱི་ཡིག་གཟུགས་མཁས་ཅན་པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་སྐྱོད་པའི་བྱེད་སྒོ་དེ་པོ་ཏ་མཚོ་མཛེས་ལྗོངས་ཁུལ་དུ་སྤེལ།

    པོ་ཏ་མཚོ་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་རུ་ཡིག་གཟུགས་ཉམས་བྲིས་ཁུལ་བཀོད་སྒྲིག་བྱས་ཡོད་པ་དང་། ཡུལ་སྐོར་བས་སྤུ་སྨྱུག་དང་སྨྱུག་མས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་བྲིས་ཆོག། ཡིག་གཟུགས་འབྲི་བའི་ཆུ་ཚད་མཐོ་དམའ་གང་ཡིན་ཡང་།  ཡིག་གཟུགས་འབྲི་བར་ཟབ་ཞུགས་གནང་མཁན་ཚང་མས་ཆེད་ལས་ཡིག་གཟུགས་མཁས་ཅན་གྱི་མཛུབ་ཁྲིད་འོག་བོད་ཀྱི་ཡིག་གཟུགས་དང་རྒྱ་ཡིག་ཡིག་གཟུགས་ཀྱི་མཛེས་སྡུག་ཉམས་སུ་མྱོང་ཐུབ་པ་དང་། དཔྱིད་གསར་དུས་ཆེན་ལ་བཀྲ་ཤིས་ཁ་གཡང་དང་སྤྲོ་སྣང་སྨོན་ཚིག་སོགས་ཉམས་སུ་མྱོང་ཐུབ་པར་ཡོད་འདུག

    བྱེད་སྒོ་སྤེལ་རིང་མཛེས་ལྗོངས་ཁུལ་དུ་ཡོང་མཁན་གྱི་ཡུལ་སྐོར་བས་ཡིག་གཟུགས་དགེ་རྒན་གྱི་རྩེར་སོན་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་ལ་མྱོང་རོལ་བྱེད་ཐུབ་ལ། ད་ཐེངས་ཀྱི་ཡིག་གཟུགས་འབྲི་བའི་བྱེད་སྒོ་འདིས་ཡུལ་སྐོར་བ་དག་གིས་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་ཞོར་དུ་སེམས་རྣལ་དུ་ཕབ་ནས་རིག་གནས་ཀྱི་ཡུན་རིང་དང་ཟབ་ཚད་ཚོར་ཐུབ་པར་བྱུང་བ་མ་ཟད།  མི་དེ་བས་མང་པོ་ཞིག་ལ་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་ཤེས་སུ་བཅུག་པ་མ་ཟད་ཚང་མས་ཡིག་གཟུགས་སྒྱུ་རྩལ་ལ་སློབ་སྦྱོང་དང་རྒྱུན་འཛིན་བྱེད་པའི་སྤྲོ་སེམས་ཀྱང་འཕེལ་ཐུབ་པ་བྱུང་ཡོད།