པོ་ཏ་མཚོ་ལྗོངས་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་པ།

རྩོམ་པ་པོ།   རྣམ་འཇོམས།  ཡིག་བསྒྱུར།       དུས་ཚོད།   2024-02-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   དཔྱིད་གསར་དུས་ཆེན་རིང་པོ་ཏ་མཚོའི་མཛེས་ལྗོངས་ཁུལ་གྱི་འཛུལ་སྒོ་རུ་ཡུལ་སྐོར་བར་ས་གནས་དེ་གའི་ཁྱད་ལྡན་མངོན་མིན་རིག་གནས་ཤུལ་བཞག་བོད་ཀྱི་པར་རྐོས་ལག་རྩལ་འགྲེམ་སྟོན་བྱས་པ་དང་།ཡུལ་སྐོར་བས་དགའ་བསུ་ཐོབ་པ་རེད།


    མཛེས་ལྗོངས་ཁུལ་གྱི་འགན་འཁུར་བ་དབྱང་ཡུས་ཅའོ་ཡིས་ང་ཚོས་པར་རྐོ་ལག་རྩལ་རྒྱུན་འཛིན་པ་གདན་དྲངས་ནས་ཡུལ་དངོས་སུ་སྲོལ་རྒྱུན་གྱི་པར་རྐོ་ལག་རྩམ་འགྲེམས་སྟོན་བྱས་པ་ཡིན། བོད་ཀྱི་པར་རྐོ་ལག་རྩལ་ནི་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་། པར་ཤིང་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེ་ཞིག་ཏུ་གྱུར་ཡོད། པར་རྐོ་ནི་གནའ་བོའི་རྩེར་སོན་གྱི་ལག་རྩལ་ཞིག་ཡིན་པ་དང་། སྲོལ་རྒྱུན་གྱི་ཤོག་བུ་དང་སྣག་ཚ་སྤྱད་དེ་ཤོག་བུའི་ཐོག་པར་འདེབས་བྱས་ནས་ཡུལ་སྐོར་བར་ཐག་ཉེ་སར་པར་འདེབས་ཀྱི་བརྒྱུད་རིམ་ལ་ལྟ་རུ་བཅུག་པ་དང་འབྲེལ།ཐུན་མོང་མ་ཡིན་པའི་པར་རྐོ་སྒྱུ་རྩལ་དེ་དངོས་སུ་ཉམས་ལེན་བྱས་ནས།ཡུལ་སྐོར་བའི་མྱོང་ཚོར་ཟབ་མོ་བྱུང་ནས་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟབ་མོ་མངོན་ཡོད་ཅེས་བཤད་བྱུང་།