རྒྱལ་ཐང་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་ཟས་རིགས་བཟོས་ནས་ལོ་གསར་བསུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་བོད་རིགས་མང་ཚོགས་ཀྱིས་ལོ་གསར་དང་དུས་སྟོན་གཏོང་སྐབས་ཟས་སྣ་དང་འབྱར་འཁུར་སོགས་སྲོལ་རྒྱུན་གྱི་བཟའ་རྒྱུ་སྣ་གཉིས་བཟོ་སྲོལ་ཡོད།  

    ཟས་སྣ་དང་འབྱར་འཁུར་ནི་རྒྱལ་ཐང་གྲོང་རྡལ་གྱི་བོད་རིགས་མང་ཚོགས་ལོ་གསར་གཏོང་སྐབས་ཀྱི་བཟའ་རྒྱུ་གཙོ་བོ་ཞིག་ཡིན་ལ། གནམ་གང་ཉིན་དེར་དུད་ཚང་ཀུན་གྱིས་ལོ་སར་སྐབས་དགོས་པའི་ཟས་སྣ་དང་འབྱར་འཁུར་བཟོ་སྲོལ་ཡོད།   དུས་རབས་ཇི་ལྟར་འཕེལ་རྒྱས་བྱུང་རུང་མི་རྣམས་སྔར་བཞིན་སྲོལ་རྒྱུན་གྱི་ཟས་རིགས་དེ་དག་ལ་དགའ་པོ་ཡོད་པ་དང་།  རང་རང་གི་གོམས་པ་དང་ཆ་རྐྱེན་མི་འདྲ་བའི་དབང་གིས་ཟས་རིགས་དེ་སྣ་གཉིས་ཀྱི་བཟོ་སྟངས་ལ་ཁྱད་པར་ཅུང་ཡོད་སྲིད།  ཡིན་ནའང་ཟས་རིགས་དེ་སྣ་གཉིས་བཟོ་བའི་མཛད་སྒོ་ནི་ཉུང་མི་སྲིད། ཟས་རིགས་དེ་སྣ་གཉིས་ཀྱིས་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ཐེག་ཡོད་པ་མ་ཟད།  མི་རྣམས་ཀྱིས་ལོ་རེ་བཞིན་བདེ་སྐྱིད་འཆམ་མཐུན་དང་འབྲུ་རིགས་ཕྱུག་པའི་བཀྲ་ཤིས་སྨོན་འདུན་ཡང་མཚོན་ཡོད་པ་རེད།