2024ལོའི་སེམས་ཀྱི་ཉི་ཟླའི་ལོ་གསར་གྱི་རིམ་སྤེལ་བྱེད་སྒོ་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་2ཚེས་11ཉིན་གྱི་སྔ་དྲོར། (ལུགས་རྙིང་ལོའི་ལོ་གསར་ཚེས་གཉིས་ཉིན)སེམས་ཀྱི་ཉི་ཟླའི་2024ལོའི་དཔྱིད་གསར་དུས་ཆེན་གྱི་རིག་གནས་དམངས་ཕན་བྱེད་སྒོ་དང་སྤྲོ་སྣང་ལྡན་པའི་སེམས་ཀྱི་ཉི་ཟླའི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་འཚོགས་པ་རེད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཝེ་ཏུང་བྱེད་སྒོར་ཞུགས་པ་ལ་འབྲེལ་ཁྱབ་བསྒྲགས་ཀྱང་བྱས་པ་རེད། དེ་མིན་རང་ཁུལ་གྱི་འགོ་ཁྲིད་ལུའུ་ཀྲི་ཅུན་དང་ཤའོ་ཞུས། ལི་ཐའོ། ཕན་ཞུའེ་དབྱིང་སོགས་བྱེད་སྒོའི་ནང་ཞུགས་པ་རེད།
    སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཅུས་ཡན་ཏུན་གྱིས་འདས་ཟིན་པའི་ལོའི་ནང་གྲོང་ཁྱེར་ཡོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་།སྣོད་བཅུད་བཟང་བ།སྤྱི་ཚོགས་བརྟན་ལྷིང་།མི་རིགས་མཐུན་སྒྲིལ་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད།2024ལོར་གྲོང་ཁྱེར་ཡོངས་ཀྱིས་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་ལ་བརྟེན་ནས་“དཀའ་གནད་ཆེ་གྲས་ལྔ”མུ་མཐུད་སེལ་བ་དང་། “འདུ་འགོད་ཆེ་གྲས་བཅུ”ལ་སྐུལ་འདེད་གཏོང་བ། འབྱོར་ཕྱུག་དང་ཤེས་དཔལ། མཐུན་སྒྲིལ། ཞི་མཐུན། མཛེས་སྡུག བདེ་སྐྱིད་བཅས་ལྡན་པའི་སེམས་ཀྱི་ཉི་ཟླའི་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་སེམས་ཀྱི་ཉི་ཟླའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་བཅས་ཡིན་པ་བསྟན་ལ། ཆབ་གཅིག་ཏུ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་དང་དེ་བཞིན་རྒྱ་ཆེའི་ཡུལ་སྐོར་བས་ལོ་གསར་པའི་ནང་འཆམ་མཐུན་མཉམ་གནས་དང་།གཟུགས་གཞི་བདེ་ཐང་། བྱ་བ་ལམ་འགྲོ་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད།
    འགོ་ཚུགས་མཛད་སྒོའི་ཐོག་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོའི་སྤྲོ་སྣང་ལྡན་པའི་ཤམ་བྷ་ལའི་རིམ་སྤེལ་བྱེད་སྒོས་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་ཕུད།ད་དུང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅན་ཐང་གྲོང་རྡལ་དང་ལོ་ཅི་ཤང་དུ་ཡན་ལག་ཚོགས་ར་བཙུགས་ནས་དུས་ཚོད་ཟླ་2ཚེས་11ཉིན་ནས་ཟླ་2ཚེས་14ཉིན་བར་ཡིན་པ་དང་།དེའི་ནང་རིག་རྩལ་འཁྲབ་སྟོན་དང་།དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་གསོལ་སྟོན།མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན།དམངས་ཁྲོད་ཀྱི་གླུ་གར་འཁྲབ་སྟོན།སྤོ་ལོའི་རིགས་ཀྱི་ལུས་རྩལ།དེ་བཞིན་མེ་ཕུང་མཚན་ཚོགས་སོགས་ཚུད་ཡོད་པ་རེད།
    ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མང་ཚོགས་དང་ཡུལ་སྐོར་བ་ཆིག་སྟོང་ལྷག་ཙམ་དང་མཉམ་དུ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་པ་རེད།