བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཟླ་2པའི་ཚེས་7ཉིན་བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་བྱ་གཙོ་བོའི་སློབ་གསོའི་མཇུག་བསྡོམས་ཚོགས་འདུ་དེ་ཁུལ་ཨུའི་སྙན་ཞུ་ཚོམས་ཆེན་དུ་འཚོགས་པ་རེད།     ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་བྱ་གཙོ་བོའི་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་།    ཀྲུང་དབྱང་དང་ཞིང་ཨུས་བརྗོད་བྱ་གཙོ་བོའི་སློབ་གསོ་ཕྱོགས་སྡོམ་སྐོར་གྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།    རང་ཁུལ་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་ཕྱོགས་བསྡོམས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།    

    ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་བཅོ་ལྔ་པའི་ཙུའུ་ཀྲང་ཧོ་ཞང་ཧུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།    

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།    

    ཕེང་ཧྲན་དང་།    ཡུས་ཧྲེང་ཞང་།    མེའོ་ཡིའུ་ཧྥ་བཅས་ཚོགས་འདུར་ཞུགས་ཡོད།    

    ལུའོ་ཁྲའོ་ཧྥེང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་བདེ་ཆེན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།     ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་སྔར་ལས་ཆེ་རུ་བཏང་བ་དང་།    གནད་དོན་ཐག་གཅོད་བྱེད་པའི་བསམ་གཞིགས་བྱེད་ནུས་སྔར་ལས་ཆེ་རུ་བཏང་ཡོད།    ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་སྔར་བས་འཕེལ་བར་བྱས་ནས།     “དོན་ཆེན་བཞི་”ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ནུས་པ་སྔར་ལས་ཆེ་རུ་བཏང་སྟེ་ལམ་ལུགས་ཀྱི་འགན་སྲུང་སྔར་ལས་སྲ་བརྟན་དུ་བཏང་ཡོད།  

ལུའོ་ཁྲའོ་ཧྥེང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པ་བྱེད་དགོས།     མིག་སྔར་ལྷག་པར་དུ་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་དང་།    ཡུལ་སྐོར་བའི་ཞབས་ཞུའི་དོ་དམ།    གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་དང་ལྟ་སྐུལ།    ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གཏན་འབེབས་དོན་འཁྱོལ།   ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཧོ་ཞང་ཧུང་གིས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་དཀར་སེམས་དཀར་དེ་ཡུན་ནན་གྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་མངོན་གསལ་དོད་ཤོས་སུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།     ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་ནུས་པ་དང་།    བསམ་གཞིགས་ཀྱི་ནུས་པ།    ལག་ལེན་གྱི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།     སྤྱོད་ཚུལ་གསར་བརྗེ་དང་ཕྱོད་ནུས་གསར་བརྗེ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས།      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་ཇུས་འགོད་བྱས་པའི་མཛེས་སྡུག་ལྡན་པའི་འཆར་གཞི་དེ་དངོས་ཡོད་དུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་པར་བསྟན་ཡོད།    

    ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་ཨང་བཅོ་ལྔ་པའི་ཙུའུ་ཀྲང་གཞོན་པ་ལིའུ་ཧུང་ཀའོ་ཚོགས་འདུར་ཞུགས་པ་རེད།     རང་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།    རྒྱ་མཚོ།    ལི་དབྱང་།    ཁྲེན་ཆུན།    ཀུའེ་ཅུན་ལིའུ།    ལུའུ་ཀྲི་ཅུན།    ཀྲོའུ་ཅན་པིན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ཡོད།    

    ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་རྫོངགྲོང་ཁྱེརགསུམ་དང་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་དུ་འཚོགས་ཡོད།