འཇོལ་རྫོང་ཀོང་རྩེད་རའི་ལོ་གསར་ལ་ངེས་པར་ཚང་དགོས་པའི་ཟས་སྣ་གསུམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


   ལུང་པ་རེ་ལ་ཆུ་རེ། སྡེ་བ་རེ་ལ་དཔེ་རེ་ཞེས་པ་བཞིན། ཡུལ་ལུང་གང་ཞིག་གི་ནམ་ཟླ་ཁོར་ཡུག་དང་རིག་གནས་གོམས་སྲོལ་ལ་བརྟེན་ནས་རིག་གནས་ཀྱི་སྣང་ཚུལ་མི་འདྲ་བ་བྱུང་གི་ཡོད།  ལོ་རེའི་དཔྱིད་གསར་དུས་ཆེན་གྱི་སྔ་གཞུག་ཏུ་ས་གནས་སོ་སོའི་ཡུལ་མི་ཚོ་ནི་ལོ་གསར་ལ་ངེས་པར་མཁོ་བའི་ཟས་རིགས་སྣ་ཚོགས་བཟོ་བར་བྲེལ་ཞིང་།   ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་ཀོང་རྩེ་ར་གྲོང་རྡལ་གྱི་ཡུལ་མི་རྣམས་ཀྱང་དེ་ལས་མ་འདས།   ཟས་སྣ། དཀར་ལེབ། བག་ལེབ་བཅས་ནི་ཡུལ་ལུང་འདིར་མཚོན་ན་སྡེར་ཁའི་ཐོག་ངེས་པར་ཚང་དགོས་པའི་ཟས་རིགས་ཤིག་ཏུ་གྱུར་ཡོད།