གྲོང་མི་ཚོས་ལོ་གསར་གྱི་མཁོ་ཆས་ཉོས་ནས་ལོ་གསར་བསུ་བ།

རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2024-02-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

 དཔྱིད་གསར་དུས་ཆེན་འཆར་ཉེར་བའི་སྐབས།སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཚོང་ཁང་ཁག་ཏུ་སིལ་ཏོག་དང་། སྔོ་ཚལ། ཤ་རིགས། སྒོང་རིགས། འོ་མ། ཀ་ར། དངོས་ཟོག་སྐམ་པོ་སོགས་རིགས་ཁག་གི་ལོ་གསར་གྱི་མཁོ་ཆས་གང་བ་དང་ཉོ་མཁན་ཡང་ཤིན་ཏུ་མང་བ། མི་རྣམས་ཀྱིས་ལོ་གསར་གྱི་མཁོ་ཆས་ཉོ་འདོད་བྱེད་པའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་། ཁྲོམ་རར་དངོས་ཟོག་མཁོ་འདོན་གྱི་སྣ་ཁ་ཕུན་སུམ་ཚོགས་པ་རེད།