ལུའོ་ཁྲའོ་ཧྥེང་གིས་དྲོད་ཚད་དམའ་བའི་ཁར་ཆར་འཁྱགས་པའི་གནོད་འཚེ་ལ་ཁ་གཏད་གཅོག་རྒྱུའི་ལས་དོན་ལ་བརྟག་ཞིབ་དང་འབྲེལ་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྐོག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2ཚེས་4ནས་ཚེས་5ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གཙོ་གནད་སྡེ་ཚན་དང་གཙོ་གནད་ཁྱབ་ཁོངས་སུ་བསྐྱོད་དེ་དྲོད་ཚད་དམའ་བའི་ཁ་ཆར་་འཁྱགས་པའི་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་སྤེལ་བ་རེད། ཁོང་གིས་དཔྱིད་གསར་དུས་ཆེན་གྱི་སྔ་རྗེས་སུ་བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་འཇགས་དང་། དགའ་སྤྲོ། འཆམ་མཐུན་བཅས་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        བདེ་ཆེན་གཞུང་ལམ་ཅུས་དང་།ཁུལ་གནམ་གཤིས་ཅུས། ཁུལ་འཕྲལ་སྡོམ་ཅུས་བཅས་སུ་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་དང་འཇོལ་རྫོང་མངའ་ཁོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པ་དང་འཕྲལ་སྡོམ་དངོས་ཟོག་གྲབས་གསོག་བྱས་ཚུལ་དང་། ཉེ་དུས་ཁ་ཆར་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཚུལ། དེ་བཞིན་འབྱུང་འགྱུར་གནམ་གཤིས་འགྱུར་ལྡོག་འགྲོ་ཚུལ་བཅས་ཤེས་རྟོགས་བྱས་ནས་བདེ་ཆེན་གཞུང་ལམ་ཅུས་ཀྱི་དཔྱིད་གསར་དུས་ཆེན་ད ང་དཔྱིད་གསར་སྐྱེལ་འདྲེན་རིང་གི་གཞུང་ལམ་བདེ་འཇགས་འགན་ལེན་དང་འཕྲལ་སྡོམ་ལས་དོན་བཀོད་སྒྲིག་ཉན་ཏེ་རྫོང་གསུམ་དང་གྲོང་ཁྱེར་དུ་ཉེ་དུས་དྲོད་ཚད་དམའ་བའི་གངས་འཁྱགས་པའི་གནོད་འཚེ་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་བྱས་ཚུལ་དང་། གནོད་འཚེ་ཕོག་ཚུལ། ཐག་གཅོད་བྱས་ཚུལ་བཅས་ལ་བརྙན་ལམ་བཀོད་གཏོང་བྱས་པ་རེད།

        ཁོང་གིས་གནམ་གཤིས་དང་། འགྲིམ་འགྲུལ། འཕྲལ་སྡོམ་སོགས་འབྲེལ་ཡོད་སྡེ་ཚན་ལ་གེགས་འགོག་གེགས་སེལ་དང་དྲོད་ཚད་དམའ་བའི་གངས་འཁྱགས་ཀྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲྲུའུ་ཅི་ཞི་ཅིན་ཕིང་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་པ་དང་། བདེ་ཆེན་གཞུང་ལམ་ཅུས་ཀྱིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགྲིམ་འགྲུལ་གྱི་གཞུང་ལམ་དྲ་བ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ཁུལ་གནམ་གཤིས་ཅུས་ཀྱིས་ལྟ་ཞིབ་ཚད་ལེན་ཞིབ་ཚགས་དང་། སྔོན་བརྡ་གནད་འཁེལ། ཞབས་ཞུ་ཞིབ་ཚགས་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་རྒྱུའི་དོགས་ཟོན་ལས་དོན་ཡག་པོ་སྒྲུབ་དགོས།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དང་ཞང་དབྱང་ཞིང་ཟོག་ཚོང་རར་ལྐོག་ཞིབ་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཞིབ་བཤེར་བྱེད་སྐབས། བློ་གྲོས་མེ་ཟོན་མ་ལག་ལྟ་ཞིབ་ཚད་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།