ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དང་འབྲེལ་ཡོད་ཁེ་ལས་སུ་བསྐྱོད་ནས་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དང་འབྲེལ་ཡོད་ཁེ་ལས་སུ་བསྐྱོད་ནས་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་དང་ཞིང་ཨུའི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐོ་སྒང་གི་དེང་རབས་ཞིང་ལས་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་བ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བ། ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ། ཞིང་པ་དེ་བས་ཕྱུག་པོ་དང་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་བཅས་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཉིན་དེར།ལུའོ་ཁྲའོ་ཧྥེང་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲི་ཞང་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་ཁྲོན་པེ་ཚན་རྩལ་ཚད་ཡོད་ཀུང་སི། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་དོན་གྲུབ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་སྤེལ་རེས་གནང་བ་དང་འབྲེལ་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་དང་དཀའ་ངལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།

        ལུའོ་ཁྲའོ་ཧྥེང་གིས་ཁེ་ལས་ཀྱིས་བདེ་ཆེན་མཐོ་སྒང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལ་གཞིགས་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་དགོས་པ་དང་། ཞིང་ལས་དང་ཟུང་འབྲེལ་དང་ཞིང་ལས་དང་ཁེ་ཕན་ཟུང་འབྲེལ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་ཁྲིན་ཆོན།ཞུས་ཀོང་ཏེ།ཁུལ་དང་གྲོང་ཁྱེར་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་ང་བརྟག་ཞིབ་ཏུ་ཞུགས་པ་རེད།