ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་ཐོག་འགྲུལ་པ་ཁྲི་8ཙམ་སྐྱེལ་འདྲེན་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ་2པའི་ཚེས་4ཉིན་2024ལོའི་དཔྱིད་གསར་སྐྱེལ་འདྲེན་ཉིན་བཅུ་པར་སླེབས་ཤིང་། ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དུ་འགྲོ་འོང་བྱེད་པའི་འགྲུལ་པ་མང་ཞིང་།  དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན་བཅུ་པར་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་དུ་རིམ་རྩིས་བྱས་ན་འགྲུལ་པ་78198སྐྱེལ་འདྲེན་བྱས་པ་རེད།

 སེམས་ཀྱི་ཉི་ཟླའི་འབབ་ཚུགས་ནི་ས་དམ་ནས་སེམས་ཀྱི་ཉི་ཟླའི་ལྕགས་ལམ་གྱི་མཐའ་མའི་འབབ་ཚུགས་ཤིག་ཡིན་པའི་ངོས་ནས་འགྲུལ་པ་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། སེམས་ཀྱི་ཉི་ཟླའི་འབབ་ཚུགས་ཀྱིས་འགྲུལ་རྒྱུན་གྱི་འགྱུར་ལྡོག་དང་སྤ་སེ་འཚོང་ཚུལ་ལ་གཞིགས་ནས་སྐྱེལ་འདྲེན་བྱེད་ཤུགས་ལ་འགན་ལེན་གང་ཐུབ་བྱས་ཏེ་ཚད་ཆེ་ས་ནས་སྐྱེལ་འདྲེན་གྱི་ནུས་ཤུགས་འདོན་སྤེལ་ལ་འགན་སྲུང་དང་འགྲོ་འོང་གི་ཚད་ཆེ་བའི་དུས་སྐབས་སུ་འགྲུལ་བ་བདེ་བླག་ངང་འགྲོ་འོང་ཐུབ་པའི་འགན་ལེན་བྱས་ཡོད།  

དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་པར་ཞབས་འདེགས་ཡག་པོ་ཞུ་ཆེད། སེམས་ཀྱི་ཉི་ཟླའི་འབབ་ཚུགས་ཀྱིས་ཞབས་ཞུའི་བརྒྱུད་རིམ་དང་། ཞབས་ཞུའི་རྣམ་འགྱུར། ཞབས་ཞུའི་མྱུར་ཚད། ཞབས་ཞུའི་སྤུས་ཚད། ཞབས་ཞུའི་ལྟ་སྐུལ་བཅས་ཀྱི་ཞབས་ཞུའི་ཚད་གཞི་ལྔ་དོན་འཁྱོལ་ནན་པོ་བྱས་ནས་ཞབས་ཞུའི་ནུས་པ་སྔར་བས་ཇེ་ལེགས་སུ་བཏང་ཡོད།






གཙོ་གནད་འགྲུལ་པར་བརྒྱུད་རིམ་ཧྲིལ་པོའི་སྲུང་སྐྱེལ་ཞབས་ཞུ་མཁོ་འདོན་དང་། ཕྲུ་གུ་འཁྲིད་པའི་འགྲུལ་པར་བདེ་འཇགས་འགོག་སྲུང་དང་དྲན་སྐུལ་ཡག་པོ་བྱེད་པ། གློ་བུར་དུ་ཐོན་པའི་ནད་གཞི་ཤེས་རྟོགས་བྱུང་བའི་འགྲུལ་པར་དུས་ཐོག་ཏུ་རོགས་སྐྱོབ་བྱེད་པ། ཞབས་ཞུའི་སྟེགས་བུ་དེར་རྒྱུན་སྤྱོད་སྨན་རྫས་དང་། དམངས་ཕན་སྒམ་ཆུང་། ཆ་འཕྲིན་བྱང་བུ་བཅས་ཆ་ཚང་བཀོད་སྒྲིག་བྱས་ནས་འགྲུལ་པར་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་ཡོད།  ད་དུང་འགྲུལ་པའི་གནས་ཚུལ་ལ་གཞིགས་ནས་འབབ་ཚུགས་སུ་སྐྱོད་པའི་བགྲོད་ལམ་དང་སྤ་སེའི་བཤེར་སྒོ་ཇེ་མང་དུ་བཏང་ནས་འགག་རྩའི་ལས་གནས་སུ་སྐྱོད་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འགྲུལ་པ་བདེ་བླག་ངང་འགྲོ་སྐྱོད་ཐུབ་རྒྱུའི་འགན་ལེན་བྱས་ཡོད།