ལོ་གསར་སྔོན་དུ་བོད་ལུགས་མངར་ཟན་ལ་དགའ་བསུ་ཐོབ་པ།

རྩོམ་པ་པོ།   གཡང་མཚོ་དང་ཚེ་སྒྲོལ།  ཡིག་བསྒྱུར།       དུས་ཚོད།   2024-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


     དཔྱིད་གསར་དུས་ཆེན་འཆར་ཉེ་བའི་སྐབས་སུ།ཁྱིམ་ཚང་རེ་རེས་ཞིམ་ཟས་སྣ་ཚོགས་གྲ་སྒྲིག་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་བསུ་བ། ཞིང་ཟས་སྣ་ཚོགས་ཀྱི་ཁྲོད་དུ་མངར་ཟན་ནི་མེད་དུ་མི་རུང་བའི་རིགས་ཞིག་ཡིན།  དེ་ཡང་ཁྱིམ་ཚང་ལ་ལས་གྲོ་ཞིབ་དང་། སྟར་ཀ  ཀ་ར། ཐུད།  ཕག་ཚིལ་སོགས་རང་ཉིད་ཀྱིས་གྲ་སྒྲིག་བྱས་ནས་མངར་ཟན་བཟོ་གྲྭ་ནང་ལས་སྣོན་བྱས་པ་དང་།  ལ་ལས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་མངར་ཟན་ཚོང་ཁང་ནས་ཉོ་བ་རེད།

   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་དུ་ཡོད་པའི་བོད་ལུགས་མངར་ཟན་བཟོ་མཁན་སྒྲོལ་མ་ནི་འཇོལ་རྫོང་ཧྥོ་ཧྲན་བ་ཡིན་ལ། མོས་དཔྱིད་གསར་དུས་ཆེན་གོང་གི་ཉིན་འདི་དག་ནང་མངར་ཟན་ཉོ་མཁན་དུས་རྒྱུན་ལས་མང་བ། ལ་ལ་ཡིས་རང་ཉིད་ཀྱིས་བཟའ་རྒྱུ་དང་ཁྱིམ་དུ་སྐུ་མགྲོན་ལ་སྣེ་ལེན་ཞུ་རྒྱུ་གྲ་སྒྲིག་བྱས་པ་དང་། ལ་ལ་ཡིས་གཞན་པ་ལ་ལོ་གསར་མཇལ་དུས་ལག་རྟགས་ཁྱེར་རྒྱུ་གྲ་སྒྲིག་བྱས་ཡོད་པ་རེད་ཅེས་བཤད།ཡང་སྒྲོལ་མའི་མངར་ཟན་བཟོས་ནས་ལོ་བཅུ་ཙམ་ཡོད་པས་མོའི་བཟོ་གྲྭ་ནས་མངར་ཟན་ཉོ་མཁན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་དུ་ཡོད་པ་མ་ཟད།ལོ་གསར་གཏོང་སྐབས་མོ་ཡིས་མངར་ཟན་དེ་དག་ཁུན་མིང་དང་ཏ་ལི་སོགས་ས་ཆ་ནས་ཡོད་པའི་ཉོ་མཁན་ལ་བསྐུར་བ་རེད།

    ད་ལོར་ས་དམ་དུ་དཔྱིད་གསར་དུས་ཆེན་གཏོང་འཆར་ཡོད་པའི་ལྷ་མཚོས་ངའི་ས་དམ་ནས་ཡོད་པའི་གཉེན་ཉེ་དང་གྲོགས་པོ་འགའ་ནི་བོད་ལུགས་མངར་ཟན་བཟའ་རྒྱུ་དགའ་བས། ངས་སྣ་མང་ཞིག་ཉོ་ནས་ཁོ་ཚོ་ལ་སྤྲོད་རྒྱུ་ཡིན་ཞེས་བཤད།