ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ2པའི་ཚེས་5ཉིན།  ཁུལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་འཚོགས་ཤིང་།  ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་བསྒྲགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།  ཁུལ་ཡོངས་ཀྱི་2023ལོའི་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ལ་ཕྱོགས་སྡོམ་བྱས་ནས་མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་ད་ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད།

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡན་ལན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་ལུའུ་ཀྲི་ཅུན་གྱིས་ལས་དོན་བཀོད་སྒྲིག་གནང་བ། ཁུལ་ཨུའི་རྒྱུན་ཨུ།ཁུལ་དཔོན་གཞོན་པ་ཀྲོའུ་ཅན་པིན་ཚོགས་འདུར་ཕེབས་ཡོད་པ་རེད།

        ལུའོ་ཁྲའོ་ཧྥེང་གིས་མཆན་འགོད་མཛུབ་སྟོན་ཁྲོད་བསྟན་དོན།2023ལོར།  ཁུལ་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་།  རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་། རིག་གནས་ཀྱིས་མི་གསོ་སྐྱོང་བྱེད་པ། གཟུགས་བརྙན་སྟོན་པ། ཁྲིམས་ལུགས་ཁྱབ་གདལ་གྱིས་རྨང་གཞི་བརྟན་དུ་གཏོང་བ། དཔལ་ཡོན་གསོ་སྐྱོང་བཅས་ནང་དོན་གཙོ་བོར་བྱེད་པའི་“དག་བཅོས་འདུ་འགོད”ལག་བསྟར་གཏིང་ཟབ་བྱས་པ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་“སྲོག་ཤིང་ལ་བརྩི་བཀུར་ཞུ་བ་དང་སེམས་པ་པེ་ཅིང་ལ་ཕྱོགས་པ་”དེ་བདེ་ཆེན་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་པ་དང་། རིག་གནས་ལ་བརྟེན་ནས་ཡུལ་སྐོར་བཞེངས་སྐྲུན་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ་བྱེད་པ་བཅས་བྱས་པས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་ཤུགས་ཆེ་བ་དང་གྲུབ་འབྲས་ཁས་ལེན་གང་ལེགས་བྱེད་འོས་པ་ཞིག་ཡོད། 2024ལོར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོན་ལ་དྲག་ཆས་སྤྲས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དེར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་“དག་བཅོས་འདུ་འགོད”ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་ཏུ་སྒྲིལ་བ། མི་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་འགྲེམས་སྟོན་བཅས་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། “སྲོག་ཤིང་ལ་བརྩི་བཀུར་ཞུ་བ་དང་སེམས་པ་པེ་ཅིང་ལ་ཕྱོགས་པའི་”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་།  བསམ་པའི་སྟོབས་ཤུགས་ཆེན་པོ་དང་རིག་གནས་ཀྱི་མཐུན་རྐྱེན་བཟང་པོ་མཁོ་འདོན་བྱེད་དགོས།

        ཚོགས་འདུའི་ཐོག་ནན་བཤད་བྱས་དོན།2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ལ། “3815་”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་“ལོ་གསུམ་སྐས་རིམ་དུ་སླེབས་པའི་”འགག་རྩའི་ལོ་ཞིག་རེད།ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་དྲིལ་བསྒྲགས་བསམ་བློ་དང་རིག་གནས་ལས་དོན་ལ་འགོ་ཁྲིད་བྱེད་པའི་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས།“འདུ་འགོད་ཆེན་པོ་དྲུག་”ལག་བསྟར་བྱ་རྒྱུར་དམིགས་དགོས།  གཅིག་ནས་"རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་"འདུ་འགོད་ལག་བསྟར་བྱ་རྒྱུར་དམིགས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སེམས་ནུས་གཅིག་སྒྲིལ་གྱིས་བླ་སྲོག་གཏོད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་སྤྱིའི་མཛུབ་ཁྲིད་དུ་བརྩིས་ནས་དེའི་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་གསལ་སྟོན། བྱེད་ཐབས་སློབ་སྦྱོང་། བློ་གྲོས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་ལངས་ཕྱོགས་དང་། གཤིས་རྒྱུད། ནུས་པ། འདོད་བློ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  གཉིས་ནས་"རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་འདུ་འགོད་ལག་བསྟར་བྱ་རྒྱུར་དམིགས་ཏེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། རིག་གནས་ལ་བརྟེན་ནས་མི་སྣ་བསྡུ་རུབ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་དང་། རིག་གནས་བྱ་གཞག་དར་རྒྱས་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་སྔར་ལས་སྣ་མང་ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་དགོས།  གསུམ་ནས་“གཟུགས་བརྙན་འགྲེམས་སྟོན་”གྱི་འདུ་འགོད་ལག་བསྟར་བྱ་རྒྱུར་དམིགས་ནས་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། གསར་འགྱུར་བརྒྱུད་བསྒྲགས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ་རང་འགུལ་ངང་འགྱུར་ལྡོག་ལ་བསམ་བློ་གཏོང་བ་དང་འགྱུར་ལྡོག་དོན་གཉེར་བྱེད་པ། སྨྱན་སྦྱོར་གསར་པའི་འཕེལ་ཕྱོགས་དང་བསྟུན་ནས་ནང་སེམས་གཅིག་སྡུད་དང་ཕྱི་གཟུགས་གཏོད་པའི་ལས་དོན་ཡག་པོ་སྒྲུབ་དགོས།  བཞི་ནས་"ཁྲིམས་ལུགས་ཁྱབ་གདལ་གྱི་རྨང་གཞི་བརྟན་དུ་གཏོང་བའི་འདུ་འགོད་ལག་བསྟར་བྱ་རྒྱུར་དམིགས་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ནང་ཁྱབ་པ་བྱས་ཏེ་མང་ཚོགས་ཀྱི་ཁྲིམས་སྐྱོང་སློབ་གསོ་དང་། དྲིན་ཚོར་སློབ་གསོ། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་དགོས།  ལྔ་ནས་"ཤེས་དཔལ་སྐྱེད་སྲིང་"གི་འདུ་འགོད་ལག་བསྟར་བྱ་རྒྱུར་དམིགས་ནས་སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོསཔ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་གཏིང་ཟབ་བསྟར་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཤེས་དཔལ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།