གངས་འཁྱགས་ཀློང་གི་བདེ་ཆེན་འཚོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དགུན་དུས་ཀྱི་ནགས་ཕག་མཚོའི་ཉེ་འཁོར་དུ་གངས་དཀར་ཁ་བས་ཡོངས་སུ་གཡོགས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་བྱ་རིགས་ལ་བལྟ་བ་དང་།   གངས་རྩེད་བྱེད་པ།  དགུན་ལྗོངས་པར་དུ་འདེབས་པ་སོགས་སོས་དལ་བག་ཕེབས་ཀྱི་དགའ་སྤྲོའི་ངང་དུ་འདའ་ཞིང་།  ཉེ་བའི་ཆར།  དགུན་དུས་ཀྱི་གནས་སྤོ་བྱ་རིགས་ཀྱིས་དགུན་དུས་ཀྱི་ཡུལ་སྐོར་ལ་གསོན་ཤུགས་གསར་བ་བསྩལ་བས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་རང་ཉིད་ཚད་བརྒལ་ཡོང་བར་བརྩོན་ནས་སྤུས་རྟགས་ཀྱི་སྣང་བརྙན་ཇེ་བཟང་དུ་བཏོད་ཡོད། གངས་ཁྲོད་ཀྱི་མཚེའུ་དང་། གྲོག་རོང་གི་ཆུ་ཕྲན། ནགས་ཚལ་དང་སྤང་ལྗོངས། གནའ་གྲོང་དང་གྲོང་གསེབ།  དམངས་སྲོལ་གོམས་གཤིས་བཅས་རྨང་གཞིར་བྱས་ནས་ཡུལ་སྐོར་པར་ལེན་དང་། རྐང་ཐང་མྱུལ་དཔྱད།  ཚན་རིག་ཁྱབ་གདལ་ཞིབ་འཇུག   གནའ་བོའི་ཉམས་འགྱུར་ལྡན་པའི་ཕ་ཡུལ་གྱི་དྲན་འཆར།  ཡུལ་སྐོར་ཉམས་ལེན་བཅས་ལྟེ་བར་བྱས་ཏེ་སྣོད་བཅུད་དང་། རིག་གནས་རྣམ་པ། ལས་རིགས་བཅས་རྣམ་པ་བཞི་མཉམ་འདྲེས་ཧུར་ཐག་བྱས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་སྤུས་རྟགས་གཏོད་རོགས་བྱས་ཡོད། 

     དགུན་དུས་ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་བདེ་ཆེན་ཁུལ་གྱིས་དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་པ་རེད།  གཅིག་ནི2023ལོའི་ཟླ་10པའི་ཚེས་29ཉིན་ནས་2024ལོའི་ཟླ་3ཚེས་31ཉིན་བར་བདེ་ཆེན་ཁུལ་སྲིད་གཞུང་གིས་ཐུང་ཁྲེན་ཡུལ་སྐོར་དང་མཉམ་དུ་OTAསྟེགས་བུའི་ཐོག་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་རིན་གོང་སྒོར་ཁྲི་1000ཡོད་པའི་དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་པའི་འཛད་སྤྱོད་འཛིན་ཤོག་སྤྲད་པ་རེད།    གཉིས་ནི2024ལོའི་ཟླ2པའི་ནང་རྒྱལ་ཡོངས་ཀྱི་ཐོབ་ཐང་ལག་ཁྱེར་གྱི་ལོ་རིས་ནི་འབྲུག་ལོ་ཡིན་པའི་ཡུལ་སྐོར་བས་སྒོ་འཛིན་ཉོ་མི་དགོས་པའི་གཟིགས་སྐྱོང་གཏན་འཁེལ་བྱས་ཡོད། 2024ལོའི་ཟླ་3པའི་ནང་རྒྱལ་ཡོངས་ཀྱི་བུད་མེད་ཡུལ་སྐོར་བས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་གི་ཡོད་པ་རེད།  གསུམ་ནི2023ལོའི་ཟླ་11ཚེས་1ཉིན་ནས་2024ལོའི་ཟླ་3ཚེས་31ཉིན་བར་འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་གྱིས་གངས་འཁྱགས་ཡུལ་སྐོར་གྱི་དམངས་ཕན་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཚང་མར་སྒོ་འཛིན་གྱི་རིན་གོང་བརྒྱ་ཆའི་བརྒྱད་གཅོག་པ་དང་། སུམ་རྩེན་གླིང་མཛེས་ལྗོངས་ཁུལ་གྱིས་སྤ་སེའི་རིན་གོང་བརྒྱ་ཆའི་དགུ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་ཡོད།