འཁྲུག་ཆ་དོད་པའི་ལོ་སར་གྱི་མཁོ་ཆས་ཁྲོམ་ལམ།

རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2024-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


 དཔྱིད་གསར་དུས་ཆེན་འཆར་ཉེར་བའི་སྐབས་སུ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཟངས་རྟ་ལོ་གསར་གྱི་མཁོ་ཆས་ཁྲོམ་ལམ་དུ་འཁྲུག་ཆ་དོད་པོ་བྱུང་ཡོད་ལ་གྲོང་མི་མི་ཉུང་བ་ཞིག་གིས་དཔྱིད་གསར་ཆ་ཡིག་དང་། ལོ་གསར་རི་མོ། ལྒང་ཞུ་སོགས་དཔྱིད་གསར་དུས་ཆེན་གྱི་མཁོ་ཆས་གདམ་ག་བྱེད་པ། གཞན་ཡང་ཀ་ར་དང་ཞིམ་ཟས། ཤིང་འབྲས་སྐམ་པོ་སོགས་ལ་གྲོང་མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད་པ་རེད།ད་དུང་ལོ་གསར་གྱི་མཁོ་ཆས་ཁྲོམ་རའི་ཐོག་ཤིང་ཕོར་དང་། ཁ་བཏགས།གོས་རྒྱན་སོགས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ལོ་གསར་གྱི་མཁོ་ཆས་ཀྱང་སྣ་མང་་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟངས་རྟའི་ལོ་གསར་གྱི་མཁོ་ཆས་ཁྲོམ་ལམ་དེ་གནམ་གང་(ཟླ་2ཚེས་8ཉིན)བར་ལོ་སར་གྱི་མཁོ་ཆས་བཙོང་རྒྱུ་རེད།