སྲིད་གྲོས་ཨུ་ཡོན་གྱི་སེམས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཨུ་ཡོན་ཝང་ཞོན་དབྱི་ཡིས་རང་ཉིན་གྱི་ལས་ཀའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་གསར་འགྱུར་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་གྱིས་ཐོང་ཐང་དང་འབྲེལ་བྱེད་ནས།ཐབས་འདོན་ཇུས་འབུལ་དང་སྲིད་ཞུགས་སྲིད་གླེང་སྔར་བས་ཡག་པོ་བྱས་ནས་བདེ་ཆེན་མཐོ་སྒང་དེ་བས་མཛེས་སྡུག་ལྡན་པ་དང་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱེད་པའི་གྲོས་འགོ་བཏོན་པ་རེད།
    ཨུ་ཡོན་ཝུའུ་ཅང་མིང་གིས་སྲིད་གྲོས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱེད་པ་དང་། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་ཧུར་ཐག་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་བསམ་འདུན་གང་མང་ཉན་པ་བཅས་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་ལས་རིགས་ནས་འགོ་བརྩམས་ནས། མི་དམངས་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་དགོས་མཁོ་དང་རེ་བ་མཚོན་ཐབས་ཏན་ཏིག་བྱེད་པའི་གྲོས་འགོ་བཏོན་པ་རེད།