དམངས་ཆེན་འཐུས་མིའི་སེམས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    


    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུང་ཅན་ཧྭ་ཡིས་གཅིག་ནས་རྡོ་མཁར་རྫོང་གི་གློག་སྤྱོད་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་གློག་དྲ་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས།གཉིས་ནས་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གི་སྐྱེལ་འདྲེན་རླངས་འཁོར་སོགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ལྟ་སྐུལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བའི་བདེ་འཇགས་འགན་ལེན་བྱེད་དགོས་པ།གསུམ་ནས་གནད་དོན་ལ་ཐད་ཀར་དམིགས་ཏེ་ཨར་གཞུག་མ་འཁྱོལ་བའི་ཁང་པ་གཙང་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན།



    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞེ་ཝན་ཐིང་གིས་གོང་རིམ་སྡེ་ཁག་གིས་མུ་མཐུད་དུ་ཞིང་བའི་ཡོང་འབབ་འཕར་སྣོན་ལ་ཇུས་འགོད་དང་མཛུབ་སྟོན། མ་དངུལ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་རོགས།སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་9%འཕར་རྒྱུ་འགན་ལེན་བྱེད་དགོས་པ་དང་དབུལ་སྒྲོལ་མི་འབོར་དང་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཡོང་འབབ་10%ཡན་འཕར་བ་བྱེད་དགོས།ཞིང་པའི་འབབ་འཕར་ངོས་ནས་བརྗོད་ན་རྒྱུན་མཐུད་འབབ་འཕར་ཐད་དཀའ་ངལ་ཡོད་པར་བརྟེན་གོང་རིམ་སྡེ་ཚན་གྱིས་ཞིང་པའི་འབབ་འཕར་ལ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚེང་ལི་ཀྲི་ཡིས་གཅིག་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཐུགས་ཁུར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་།གཉིས་ནས་“ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཤུགས་ཆེན་ཞུ་བའི”བྱེད་སྒོ་དེ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་ལམ་ལུགས་ཤིག་ཏུ་འགྱུར་བ་དང་།ངོ་བཅར་ཡོང་མཁན་ལ་སྣེ་ལེན་བྱེད་པར་ཞུགས་པའི་སྡེ་ཁག་གི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་ནས་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བའི་རེ་བ་ཡོད་ཅེས་པའི་གྲོས་འགོ་བཏོན།