སྲིད་གྲོས་ཨུ་ཡོན་གྱི་སེམས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

    ཨུ་ཡོན་ང་བྱུང་དཀོན་མཆོག་བསྟན་འཛིན་གྱིས་ཉེ་བའི་ལོ་ཤས་རིང་ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུན་གྲུབ་འདུ་ཤེས་ཀྱིས་སྣེ་ཁྲིད་འོག    ཨུ་ཡོན་གྱི་ལས་འགན་སྒྲུབ་ནས་སྤྱི་ཚོགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ལ་ནུས་ཤུགས་བཏོན་པ་རེད། ལོ་གསར་བར་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་གཞུང་ལུགས་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིང་ཐང་ལྟ་བར་སློབ་སྦྱོང་བྱས་ནས་བདེ་ཆེན་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བྱུང་བར་ཞབས་འདེགས་ཞུས་རྒྱུའི་གྲོས་འགོ་བཏོན་པ་རད།

    ཨུ་ཡོན་ཅང་མེ་ཡིས་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོ་ལ་དོ་ཁུར་གནང་བའི་ཁོར་ཡུག་འོག དགེ་རྒན་རྣམ་ཉིན་བཞིན་གནོད་ཤུགས་འཕྲད་པ་དང་སློབ་གསོ་ལས་ཀའི་ཕན་ནུས་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པ།ངས་གོ་སྐབས་དེ་དང་བསྟུན་ནས་སྤྱི་ཚོགས་ལས་རིགས་ཁག་གིས་དགེ་རྒན་གྱི་ལུས་སེམས་བདེ་ཐང་ལ་དོ་ཁུར་བྱས་ནས་དགེ་རྒན་ལ་དེ་བས་ལེགས་པའི་སློབ་གསོ་ཁོར་ཡུག་ཞིག་གཏོད་རྒྱུའི་རེ་འབོད་བྱ་འདོད་ཡོད་ཅེས་པའི་གྲོས་འགོ་བཏོན་པ་རེད།

    ཨུ་ཡོན་ལུའོ་མིང་ཞན་གྱིས་གཅིག་ནས་ཞིང་ལས་ཐོན་རྫས་ཞིབ་འཇུག་གསར་སྤེལ་གྲུབ་འབྲས་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་ཤུགས་ཆེ་རུ་གཏོང་དང་།གཉིས་ནི་ཁེ་ལས་དང་ཞིང་ཆེན་ནང་གི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ།གསུམ་ནི་ཐོན་རྫས་ཕུལ་བྱུང་ལ་དཔྱད་བསྡུར་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་བྱེད།བཞི་ནི་ཞིང་ལས་ཐོན་རྫས་ལས་སྣོན་ཁེ་ལས་ལ་སྔར་བས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པའི་གྲོས་འགོ་བཏོན་པ་རེད།