སྲིད་གྲོས་བདེ་ཆེན་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་2པའི་ཚེས་2ཉིན་གྱི་སྔ་དྲོ།   སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྒྱལ་ཁའི་ངང་གྲོལ་བ་རེད།    མཇུག་གྲིལ་བའི་ཚོགས་འདུ་དེ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཡིས་གཙོ་སྐྱོང་གནང་བ་རེད།    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྲེ་ཁྲུན་མིང་དང་།   སྐལ་བཟང་རྣམ་རྒྱལ་དང་།   དབྱང་ཅི་ཝུན།   ཕན་ཞུའེ་དབྱིང་།   ཧོ་ཞོལ་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།   
    ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་།   ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཝེ་ཏུང་།   ཧྲུའུ་ཅི་གཞོན་པ་ལི་ཡན་ལན་དང་ཕེང་ཧྲན།   ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཡུས་ཧྲེང་ཞང་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།   
    ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཨུ་ཡོན་223ཕེབས་དགོས་པ་དང་ཨུ་ཡོན་180དངོས་སུ་ཕེབས་ནས་འབྲེལ་ཡོད་གཏན་འབེབས་དང་མཐུན་ཡོད་པ་རེད།  
    ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ》དང་།   《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་སྲིད་གྲོས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད》《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་བ་རེད།    
    མིའོ་ཡིའུ་ཧྥ་ཡིས་སྲིད་གྲོས་བདེ་ཆེན་ཁུལ་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཟིན་ནས་མཇུག་འགྲིལ་ཉེར་ཡོད།  ཚོགས་འདུའི་རིང་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་དཔོན་ཀྲང་ཝེ་ཏུང་སོགས་རང་ཁུལ་གྱི་འགོ་ཁྲིད་གཙོ་བོ་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཕེབས་ཡོད་པ་དང་།   རིགས་ཁོངས་ཀྱི་མཉམ་འབྲེལ་ཚོ་ཆུང་གི་གྲོས་མོལ་ཚོགས་འདུར་ཞུགས་ནས་ཨུ་ཡོན་ཚོ་དང་ལྷན་དུ་ཐབས་ཇུས་གྲོས་མོལ་དང་།   ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར།   ཐུན་མོང་ཐོག་འབྱུང་འགྱུར་སྐོར་གླེང་བ་བཅས་གནང་ཡོད།  

    མིའོ་ཡིའུ་ཧྥ་ཡིས་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ཚོས་ཡིད་ཆེས་བརྟན་པོ་བྱས་ནས་སྲིད་གྲོས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་།    ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་ནས་ཏང་གིས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས།    ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས་ཅེས་བསྟན།  

    ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།   ལི་ཡང་།   སྐལ་བཟང་རྣམ་རྒྱལ།   ཁྲེན་ཆུན།   ཀུའེ་ཅུན་ལིན།   ལུའུ་ཀྲི་ཅུན།   དབྱང་ཞུའེ་ཝུན།   ཧྥེ་པིང་ཆང་།   ཀྲོའུ་ཅན་པིན་སོགས་མཇུག་འགྲིལ་མཛད་སྒོར་ཞུགས་ཡོད།
    ཞིང་ཆེན་ཁོངས་གཏོགས་ཀྱི་ཁུལ་བཅའ་སྡོད་སྡེ་ཚན་དང་ཁུལ་ཐད་གཏོགས་སྡེ་ཚན་ཁག་གི་འགན་འཁུར་བ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གྲོལ་བ་རེད།