ཚོགས་ཆེན་གཉིས་ཀྱི་བར་གསེང་གི་གསར་འགྱུར་ཐོར་བུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་ཆར། ལས་རིགས་ཁག་དང་སྡེ་ཚན་ཁག་གི་རྒྱབ་ཕྱོགས་ལས་དོན་པས་དཀའ་སྤྱད་ལས་བརྩོན་དང་རང་འགན་གཙང་སྒྲུབ་ཀྱིས་ཁུལ་ཚོགས་འདུ་གཉིས་བདེ་བླག་ངང་འཚོག་རྒྱུ་འགན་ལེན་བྱས་པ་རེད།

    གཙང་སྦྲ་དོད་པའི་ཁང་པ་དང་བྲོ་བ་ཞིམ་པའི་བཟའ་བཅའ་སོགས་མགྲོན་ཁང་གི་ལས་དོན་མི་སྣས་ཚོགས་འདུར་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོར་སྙིང་ཉེ་བའི་ཞབས་འདེགས་ཞུས་ཡོད། 

    ཚོགས་འདུའི་ལས་དོན་ཚོ་ཆུང་གི་མི་སྣས་ཚོགས་རར་བཀོད་སྒྲིག་ནན་ཏན་བྱས་ཡོད་པ་མ་ཟད། ཚོགས་རར་མཛུབ་ཁྲིད་བྱེད་པའི་བྱང་བུ་བཞག་ནས་ཚོགས་ཞུགས་མི་སྣས་བདེ་ལེགས་ངང་འདུག་གནས་དང་གྲོས་ཚོགས་ཁང་འཚོལ་བར་སྟབས་བདེ་བསྐྲུན་ཡོད། 

    གསར་འགྱུར་ལས་དོན་པ་ཚོ་ནི་ཚོགས་འདུའི་ཕྱོགས་གང་སར་ཐོན་ཡོད་ཅིང་། བརྙན་རིས་བརྒྱུད་ནས་གསོན་ཉམས་ལྡན་པའི་སྣང་བརྙན་རེ་རེ་ཕབ་ནས་སྐབས་ཐོག་ཏུ་གྲོས་ཚོགས་ཀྱི་སྐད་སྒྲ་བརྒྱུད་བསྒྲགས་བྱས་ནས་ངོ་མཚར་ཆེ་བའི་དུས་སྐབས་མཉམ་སྤྱོད་བྱས་ཡོད།

    བཟའ་བཅའི་ཞིབ་བཤེར་ཚོ་ཆུང་གི་ལས་དོན་མི་སྣས་ཟ་ཁང་དུ་ཞིབ་བཤེར་ནན་ཏན་བྱས་ནས་འཐེན་བཤེར་དང་། དཔེ་འདེམས། ཉར་ཚགས་སོགས་བྱས་ནས་བཟའ་བཅའི་ལས་སྣོན་གྱི་ལྷུ་ཚིགས་ཚང་མར་འཕྲོད་བསྟེན་བདེ་འཇགས་འགན་ལེན་བྱས་ཡོད།

    སྨན་བཅོས་འགན་ལེན་ཚོ་ཆུང་གི་ལས་དོན་མི་སྣས་སྨན་རྫས་འཛོམས་མིན་ལ་ཞིབ་བཤེར་ཞིབ་ཚགས་བྱས་ནས་འཕྲལ་སྡོམ་རླངས་འཁོར་བཀོད་སྒྲིག་ཡག་པོ་བྱས་ཏེ་རང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་སྨན་བཅོས་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབས་ཡོད།

    འགྲིམ་འགྲུལ་དང་མེ་ཟོན་སོགས་སྡེ་ཚན་གྱིས་སྔོན་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ་དངོས་ཟོག་གྲ་སྒྲིག་ཡག་པོ་བྱས་ནས་རང་ཁུལ་གྱི་ཚོགས་ཆེན་གཉིས་ལ་ཁྱོན་ཡོངས་ཀྱི་འགན་ལེན་ཞབས་ཞུ་དུས་ཐོག་ཏུ་མཁོ་འདོན་བྱས་ཡོད། 

    བདེ་ཆེན་སྒུལ་བདེ་ཀུང་སིས་དྲ་རྒྱའི་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་ནས་ཚོགས་འདུའི་རིང་དྲ་རྒྱ་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱས་པ་རེད། 

    རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་མི་སྣས་འཕྲལ་སྡོམ་གློག་གཏོང་རླངས་འཁོར་ལ་ཞིབ་བཤེར་བྱས་ནས་དགོས་མཁོ་ཡོད་སྐབས་དུས་ཐོག་ཏུ་གློག་ཤུགས་ཀྱི་རྒྱབ་སྐྱོར་ཐུབ་པའི་འགན་ལེན་བྱས་ཡོད།