དམངས་ཆེན་འཐུས་མིའི་སེམས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   

    འཐུས་མི་ཨ་ཆེན་མས་ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག་ངས་གཙོ་གནད་དུ་དོ་ཁུར་བྱེད་པ་ནི་“ཞིང་གསུམ་”གྱི་གནད་དོན་ཡིན་པས། ཇི་ལྟར་བྱས་ཏེ་ཞིང་པར་འབབ་འཕར་དང་ཕྱུག་འགྱུར་དེ་བས་ལེགས་པ་ཡོང་བ་བྱ་རྒྱུ་ནི་གཞི་རིམ་ཞིང་པའི་འཐུས་མིས་དོ་ཁུར་ཆེ་ཤོས་བྱེད་པའི་བྱ་བ་ཞིག་རེད།གྲོས་གཞི་འདོན་སྤྲོད་བྱེད་པའི་ཐབས་ལ་བརྟེན་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་མ་ཟད།ད་ཐེངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ཞིང་པ་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་པའི་རེ་བ་ཡོད།

    དམངས་ཆེན་འཐུས་མི་པ་སངས་ཕུན་ཚོགས་ཀྱིས་འཇོལ་རྫོང་ཆུ་ཤུགས་གློག་ཁང་ཆེ་གྲས་འཛུགས་སྐྲུན་བྱ་རྒྱུ་དེ་ས་གནས་མང་ཚོགས་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་ཁྲིམས་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་དེ་གའི་གཞི་ཁྱོན་ལྡན་པའི་ཐོན་ལས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྣོད་བཅུད་སྤོ་སྒྱུར་གཏོང་སྤྲོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    དམངས་ཆེན་འཐུས་མི་ལི་ཡན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་འགན་ནུས་སྡེ་ཚན་ཁག་གིས་རྣམ་གྲངས་འཛུགས་སྐྲུན་ཁྲོད་ཀྱི་ལྟ་སྐུལ་དོ་དམ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁྲིམས་ལུགས་དང་།ཁྲིམས་ལུགས་དང་།ཚོང་གཉེར། ཡིད་རྟོན་བཅས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་བཤད་པ།


    དམངས་ཆེན་འཐུས་མི་ཟླ་བ་ཕུན་ཚོགས་ཀྱིས་ཁུལ་ཡུལ་སྐོར་ཚོགས་པས་གླེགས་བམ་མཛེས་ལྗོངས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་གནས་དེ་གའི་ཡུལ་སྐོར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    དམངས་ཆེན་འཐུས་མི་ལི་ཡུའེ་ཀྲའོ་ཡིས་ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་སློབ་གསོའི་བྱ་གཞག་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་སློབ་གསོའི་མཁྲེགས་ཆས་དང་མཉེན་ཆས་ཚང་མར་ཡར་རྒྱས་ཆེན་པོ་བྱུང་ཡོད་ཀྱང་སློབ་ཞུགས་གོང་གི་སློབ་གསོར་སྔར་བཞིན་གྲོང་ཁུལ་དང་གྲོང་གསེབ་ཀྱི་སློབ་གསོ་དོ་སྙོམས་མེད་པའི་ཧེ་བག་གནས་ཡོད་པས། གྲོང་གསེབ་ཀྱི་སློབ་ན་མ་སོན་གོང་གི་སློབ་གསོར་དོ་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། སློབ་ན་མ་སོན་གོང་གི་སློབ་གསོའི་དགེ་རྒན་ཚོགས་པར་གསོ་སྐྱོང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཡོངས་ཀྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་ཧེ་བག་ཆུང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    དམངས་ཆེན་འཐུས་མི་ཁྲེན་ཅིང་ལུང་གིས་གཅིག་ནི་རྐང་འཛིན་ཆུ་འགོའི་ལས་གྲྭ་རྒྱུན་མཐུད་ངང་ཡག་པོ་བསྒྲུབས་ནས་ཆུ་ཤུགས་གློག་ཁང་ཆེ་འབྲིང་དང་ཆུ་མཛོད་ཕྱོགས་བསྡུས་བེད་སྤྱོད་དང་ཆུ་མཛོད་འབྲིང་ཆུང་འཛུགས་སྐྲུན་ཡག་པོ་བྱེད་དགོས།གཉིས་ནས་སྤྱི་ཚོགས་ཀྱི་མ་རྩ་ཆུ་བེད་ལས་རིགས་ནང་འདྲེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།གསུམ་ནས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་བཅས་ཕྱོགས་བསྡུས་བཅོས་སྐྱོང་གི་མཛུབ་ཁྲིད་བསམ་བློ་ལག་བསྟར་དང་ཕྱོགས་བསྡུས་བཅོས་སྐྱོང་གི་རྩ་དོན་ལག་བསྟར་བྱས་ཏེ་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དེ་བས་གཏིང་ཟབ་དང་དེ་བས་ཏན་ཏིག་ངང་སྒྲུབ་དགོས་པའི་གྲོས་འགོ་བཏོན།