སྲིད་གྲོས་ཨུ་ཡོན་གྱི་སེམས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

ཨུ་ཡོན་སྐལ་བཟང་བསྟན་འཛིན་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་སྤེལ་བའི་དུས་མཚུངས་སུ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་གྲངས་ཉུང་མི་རིགས་ཀྱི་ཡི་གེ་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་།“སྐད་གཉིས་”སློབ་གསོ་ལེགས་པར་སྤེལ་ཏེ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་གཏོང་དགོས་ཞེས་བཤད་པ་རེད།



    ཨུ་ཡོན་སྔགས་རྩ་བསྟན་པ་རྒྱལ་མཚན་གྱིས་མིག་སྔར་རང་ཁུལ་གྱི་འགྲིམ་འགྲུལ་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་བྱས་ཏེ་འབྲེལ་ཡོད་ལམ་རྟགས་རྡོ་རིང་འཛུགས་སྐྲུན་སྔར་བས་འཐུས་ཚང་དུ་བཏང་ནས། མཛུབ་སྟོན་གནད་སྨིན་ཡོང་བ་བྱས་ཏེ་ཕྱི་ནས་ཡོང་བའི་ཡུལ་སྐོར་བ་རང་ཁུལ་དུ་ལྟ་སྐོར་བྱེད་པར་འགྲོ་རྒྱུར་སྟབས་བདེ་བསྐྲུན་དགོས་པའི་གྲོས་འགོ་བཏོན་པ་རེད།

    ཨུ་ཡོན་པདྨ་དོན་འགྲུབ་ཀྱིས་སྲིད་གཞུང་གིས་འབྲེལ་ཡོད་བྱ་ཐབས་བཏོན་ནས་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་ཞུགས་དང་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་།“ གཉིས་བཀུར་”ལས་དོན་གྱི་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་དམག་མི་དང་དམག་མིའི་ནང་མི་དེ་བས་བློ་བདེ་པོ་ཡོང་བ་བྱེད་དགོས་པའི་གྲོས་འགོ་གནང་བ་རེད།


    ཨུ་ཡོན་ཡེ་ཤེས་ལྷ་མོས་རང་ཁུལ་གྱིས་དུས་ཚོད་ཧྲིལ་པོ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་བས་འཚམ་པ་བྱས་ཏེ་འབྲེལ་ཡོད་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་ཡག་པོ་བྱེད་པ་དང་རིག་གནས་གསར་གཏོད་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་འགན་ལེན་ལམ་སྲོལ་དང་རིག་གནས་གསར་གཏོད་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐད་སྲིད་ཇུས་དང་བྱ་ཐབས་དེ་བས་མང་བ་བཏོན་ནས།རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་དང་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་གྲོས་འགོ་གནང་བ་རེད།

    ཨུ་ཡོན་ལི་ལིང་གིས་ཁུལ་ཨུའི་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འབྲེལ་ཡོད་སྲིད་ཇུས་བཏོན་ནས་རང་ཁུལ་གྱི་སྡེ་ཚན་ཁག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རང་འགུལ་རང་བཞིན་ཆེ་རུ་གཏོང་བ་དང་། འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བའི་འདུ་འགོད་དང་ལས་ཐོག་གི་རྒྱུན་མཐུད་སློབ་གསོ་ཡག་པོ་བརྒྱབ་ནས། རང་ཁུལ་གྱི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་གི་ནུས་པ་དང་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད།

    ཨུ་ཡོན་ཝང་ཀྲུང་ཧྭ་ཡིས་རིམ་པ་ཁག་གི་ཨུ་ཡོན་གྱི་སློབ་སྦྱོང་དང་སྤེལ་རེས་ལས་སྟེགས་སྔར་བས་ཡག་པོ་བསྐྲུན་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས།སྡེ་ཁག་སོ་སོས་ཨུ་ཡོན་གྱི་གྲོས་གཞི་སྒྲུབ་པའི་ཕན་འབྲས་ལ་ད་དུང་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་གནད་དོན་དངོས་ཐག་གཅོད་སྔར་ལས་ལེགས་པར་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད།