སྲིད་གྲོས་ཨུ་ཡོན་གྱི་སེམས་འདུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཨུ་ཡོན་སུང་ཕིང་གིས་2023་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གྲོས་ཀྱིས་ཞིང་ཆེན་དང་ཁུལ་སྲིད་གྲོས་ཀྱི་ཐུགས་ཁུར་དང་མཛུབ་ཁྲིད་འོག་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་གཙོ་གནད་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་།ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་གནས་ཚུལ་སྤེལ་བར་ཚད་བརྒལ་ཆེན་པོ་བྱུང་ནས་2023ལོར་ཡུན་ནན་སྲིད་གྲོས་ཀྱི་ཚགས་པར་དང་དུས་དེབ་དྲིལ་བསྒྲགས་ལས་དོན་གྱི་སྔོན་ཐོན་ཚན་པ་ཐོབ་པ་རེད།གོམ་སྟབས་རྗེས་མར་ངས་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གི་གསུང་བཤད་ཀྱི་དགོངས་དོན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གྱི་ལས་ཀའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གྲོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན།གཅིག་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཁྲོད་ལངས་གནས་དེ་བས་མཐོ་བ་མངོན་པ་དང་།གཉིས་ནས་གྲོས་མོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཐུན་སྒྲིལ་དང་ཞི་མཐུན། འབྱོར་ཕྱུག ཤེས་དཔལ། མཛེས་སྡུག བདེ་སྐྱིད་བཅས་ཀྱི་སེམས་ཀྱི་ཉི་ཟླ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་རོགས་རམ་བྱེད་པའི་ཁྲོད་བྱས་རྗེས་དེ་བས་ཆེ་བ་མངོན་པ་བྱེད་རྒྱུ།གསུམ་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་ཏན་ཏིག་བཏང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་རྒྱུ།བཞི་ནས་མི་སེམས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་ཏེ་བློ་སེམས་གཅིག་མཐུན་ཆེ་ཤོས་ཀྱི་རི་མོ་ཡག་པོ་འབྲི་བའི་ཐད་འགན་འཁྲི་དེ་བས་ཆེ་བ་མངོན་པར་བྱེད་རྒྱུ།ལྔ་ནས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་སྲིད་གྲོས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་དེ་བས་ཆེ་བ་ཡོང་བ་བྱེད་རྒྱུ་ཞེས་བཤད་པ་རེད།

    ཨུ་ཡོན་རིན་ཆེན་དོན་འགྲུབ་ཀྱིས་ཉེ་བའི་ལོ་ཤས་རིང་འཇོལ་རྫོང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་།ཏང་གི་འགོ་ཁྲིད་མི་རིགས་དང་ཆོས་ལུགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟན་ལྷིང་དང་།བརྟན་འཇགས་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་བརླིང་བཅས་ཀྱི་“དོན་ཆེན་བཞི”དམ་འཛིན་ཏན་ཏིག་བྱས་ནས།རྫོང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཏང་གི་མི་རིགས་དང་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ལ།གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་བདེ་ཆེན་གྱི་ལེའུ་བརྩམས། 2024ལོའི་ཟླ་1པོར་འཇོལ་རྫོང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་ཞེས་པའི་མིང་བསྩལ་བ་རེད།རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་ཐིག་འདིར་དམིགས་ཏེ།སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་བདེ་བླག་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས།གཅིག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་།གཉིས་ནས་ཆོས་ལུགས་དོ་དམ་ཞབས་ཞུའི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་བཤད་པ་རེད།


    ཨུ་ཡོན་ཧོ་ཡུས་ཡིས་སྤྱི་ཡོངས་ནས་བལྟས་ན་བདེ་ཆེན་ཁུལ་གྱི་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་ལ་ལེགས་ཆ་ངེས་ཅན་ལྡན་ཡོད་ཀྱང་ད་ཡོད་ཁེ་ལས་ཆུང་བ་དང་།གཅིག་སྡུད་མིན་པ།ཞན་པ་སོགས་ཀྱི་གནད་དོན་ཡོད་པ་རེད།ངའི་བསམ་ཚུལ་ནི་སྲིད་གཞུང་གིས་བཟའ་བྱའི་ཤ་མོའི་ཐོན་ལས་དང་ལས་སྣོན་ཐོན་ལས་དེ་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་བརྩིས་ནས།སེམས་ཀྱི་ཉི་ཟླའི་གསེར་ཡིག་གི་སྒོ་བྱང་གཙང་མར་ཕྱིས་རྒྱུ་དམིགས་ཚད་དུ་བྱས་ཏེ་ད་ཡོད་ཁེ་ལས་ཀྱིས་ས་ཁོངས་ནང་ཁུལ་གྱི་མཉམ་ལས་ལ་རོགས་སྐྱོར་དང་།གོང་རིམ་སྡེ་ཚན་ལ་དེ་མཚུངས་ཀྱི་རྣམ་གྲངས་དང་མ་དངུལ་རོགས་སྐྱོར། དེ་བཞིན་ལག་རྩལ་མཛུབ་ཁྲིད་བརྩོན་ལེན་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་ཁག་བཟའ་བྱའི་ཤ་མོའི་ལས་སྣོན་ཁེ་ལས་ལ་ཁྲོམ་རའི་ཉེན་ཁ་འགོག་པའི་ནུས་པ་ཆེ་རུ་བཏང་ནས་བདེ་ཆེན་ཁུལ་གྱི་བཟའ་བྱའི་ཤ་མོའི་ཐོན་ལས་ཀྱི་སྤུས་རྟགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་དགོས་ཞེས་བཤད་པ་རེད།

    ཨུ་ཡོན་ཁྲེན་ཡོན་གྱིས་ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་ཐོག་ངས་མཉམ་སྡེབ་དཔལ་འབྱོར་སྐོར་གྱི་གྲོས་གཞི་འཁྱེར་ཡོང་ཡོད། འདི་ཡང་ང་ཚོའི་2023་ལོའི་ཁུལ་སྲིད་གྲོས་ཀྱི་ཞིབ་འཇུག་བྱ་གཞིའི་བརྟག་ཞིབ་ཚོགས་ཆུང་གི་མཉམ་སྡེབ་གྲོས་གཞི་ཞིག་རེད།མཉམ་སྡེབ་དཔལ་འབྱོར་ལ་བརྟག་ཞིབ་བྱེད་པའི་བརྒྱུད་རིམ་ནང་བདེ་ཆེན་ཁུལ་གྱིས་དུས་མཚམས་རང་བཞིན་གྱི་མཉམ་སྡེབ་དཔལ་འབྱོར་གྱི་བདག་དབང་གཏན་འཁེལ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་ལས་འགན་ལེགས་གྲུབ་ཟིན་པ་ང་ཚོས་ཤེས་རྟོགས་བྱུང་།གཤམ་དུ་ཐུན་མོང་དཔལ་འབྱོར་ལ་ད་དུང་རྒྱུན་མཐུད་ཅན་དུ་འཕེལ་རྒྱས་གཏོང་བའི་ཞིབ་འཇུག་བྱ་གཞི་གལ་ཆེན་འཕྲད་སྲིད།གྲོས་གཞིའི་ནང་ང་ཚོས་སྲིད་གཞུང་ཕྱོགས་ཀྱི་གཅིག་གྱུར་འཆར་འགོད་བཏོན་ཡོད་པ་མ་ཟད།ཐབས་ལམ་མང་པོ་དང་། ཁྱབ་ཁོངས་མང་པོ། སྣ་མང་ཅན་བཅས་ཀྱི་འཕེལ་རྒྱས་ཀྱང་བཏོན་ཡོད་པས། ང་ཚོས་གཙོ་བོ་ས་ཁོངས་ཀྱི་སྤྱི་པའི་རང་བཞིན་གྱི་ཞིང་ལས་དམིགས་བསལ་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན་བསྐྲུན་རྒྱུ་ནན་བཤད་བྱེད་འདོད་ཡོད།ང་ཚོས་བདེ་ཆེན་གྱི་ཞིང་ལས་དམིགས་བསལ་ཐོན་རྫས་དང་མཉམ་སྡེབ་དཔལ་འབྱོར་དེ་སེམས་ཀྱི་ཉི་ཟླ་ནས་ཐོན་ཏེ་སྤུས་རྟགས་ཅན་གྱི་ཁྱད་ཆོས་ལྡན་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུའི་རེ་བ་ཡོད་པ་དང་།གཞན་ཡང་ང་ཚོས་འབྱུང་འགྱུར་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཆེད་ལས་ཅན་གྱི་འགྲན་ལམ་གྱི་སྣང་ཚུལ་ཐོན་ངེས་ཡིན་པསཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཤེས་ལྡན་མི་སྣ་བསྡུ་ལེན་དང་སྣེ་ཁྲིད་བྱེད་པའི་འཆར་གཞི་དང་ཟུང་འབྲེལ་བྱས་ཏེ་ང་ཚོས་རིགས་གཅིག་མཁས་ཅན་དང་ཚོགས་པ་དེ་བས་མང་བ་མཉམ་སྡེབ་དཔལ་འབྱོར་འཛུགས་སྐྲུན་གྱི་ལག་ལེན་བརྒྱུད་རིམ་ནང་ཞུགས་ནས་བདེ་ཆེན་གྱི་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།



    ཨུ་ཡོན་རྒྱལ་ཐང་ནོར་བུས་ཚོགས་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་ངས་ཀྱང་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པའི་ཚོར་སྣང་བྱུང་།འདས་ཟིན་པའི་ལོ་གཅིག་ནང་ངས་གཉེར་བའི་ལུས་རྩལ་སློབ་གསོའི་ལས་རིགས་ལའང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།དང་ཐོག་རྒྱལ་ཐང་སློབ་ཆུང་གི་སྐྱེས་པའི་རྐང་རྩེད་སྤོ་ལོའི་སློབ་གྲྭའི་རུ་ཁག་ལ་ཡུན་ནན་ཞིང་ཆེན་གྱི་སྤྱིའི་རྟིང་རྩོད་འགྲན་བསྡུར་ནང་ཨང་གཉིས་པའི་གྲུབ་འབྲས་ཐོབ་པ་དེས་ཕྱོགས་གསུམ་པའི་སློབ་གསོ་གསོ་སྦྱོང་སྒྲིག་གཞི་དང་སློབ་གྲྭའི་དབར་གྱི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད།བརྒྱུད་རིམ་འདིའི་ནང་ང་ཚོར་ཡང་དཀའ་ངལ་སྣ་ཚོགས་འཕྲད་ཡོད།ད་ཐེངས་ཀྱི་གོ་སྐབས་དང་བསྟུན་ནས་ང་ཚོས་སློབ་གསོའི་སྡེ་ཚན་དང་དེ་བཞིན་སྲིད་གཞུང་གིས་སློབ་གསོའི་ལས་རིགས་ལ་མཐོང་ཆེན་བྱས་ཏེ་ལུས་རྩལ་གསོ་སྦྱོང་ལས་རིགས་ལ་རྒྱབ་སྐྱོར་ངེས་ཅན་བྱ་རྒྱུའི་རེ་བ་ཡོད།ང་ཚོས་མུ་མཐུད་དུ་ལས་རིགས་འདི་ཧུར་ཐག་འབད་ཐག་གིས་བྱ་བ་སྒྲུབ་ནས་ང་ཚོས་ཁོ་ཚོ་དང་མཉམ་དུ་འཚར་ལོངས་བྱུང་ཏེ་ཁོ་ཚོར་སྔར་ལས་ཆེ་བའི་གར་སྟེགས་སྟེང་ནས་འོད་སྣང་འདོན་དུ་འཇུག་ཁོ་ཐག་ཡིན་ཞེས་བཤད་པ་རེད།