ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་སེམས་ཀྱི་ཉི་ཟླ་ནས་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-01-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཟླ་1ཚེས་31ཉིན་གྱི་སྔ་དྲོར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་མི་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་འཛིན་ལྟེ་གནས་ཀྱི་སྙན་ཞུ་ཚོམ་ཆེན་ནས་གཟབ་རྒྱས་ངང་འཚོགས་པ་རེད།

    ཐེངས་འདིའི་ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་248ཡོད་པ་དང་ཚོགས་འདུར་དངོས་སུ་ཞུགས་མཁན་འཐུས་མི་221ཡོད། ཁྲིམས་ལུགས་ཀྱི་གཏན་འཁེལ་མི་གྲངས་དང་མཐུན་པ་རེད།

    ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་བྱེད་མཁན་གྱི་གྲས་སུ་ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན། ཕེང་ཧྲན། ཡུས་ཧྲེང་ཞང་། མེའོ་ཡིའུ་ཧྥ། ཤའོ་ཞུས། དབྱང་ཅན་ཧྭ། དབྱང་ཧྲོ་ཆི།  སུང་ཡུང་ལི། ཡུས་ཅིན་ཆོན། ཡུས་ཡུང་ཧུང་། དབྱང་ཞུའེ་ཧྥེང་། ཀྲང་ཚུང་ལིན། ཆི་ཁྲུན་ཐའོ་བཅས་ཡོད།
    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་ཡུས་ཧྲེང་ཞང་གིས་འགོ་ཚུགས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
    སྔ་དྲོའི་ཆུ་ཚོད་དགུ་པར་ཚོགས་ཆེན་འགོ་ཚུགས་པས་མི་སྣ་ཡོངས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་བ་རེད།
    ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་བྱ་བའི་སྙན་སེང་ཞུས་པ།
    སྙན་ཞུའི་ནང་བསྟན་དོན། 2023ལོར་ཁུལ་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཀྱིས་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞིར་དམ་པོར་དམིགས་པ་དང་གྲུབ་ཆ་ལེགས་སྒྲིག་དང་མགྱོགས་སུ་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། 2023ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་303.74ལེགས་གྲུབ་བྱུང་ཡོད་ལ། 0.6%འཕར་བ་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་178.24ཟིན། གཞི་ཁྱོན་ཡན་གྱི་བཟོ་ལས་7.4%འཕར་ཡོད་པ་རེད།
    སྙན་སྒྲོན་ནང་བཏོན་དོན།  2024ལོར་རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས།  ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཞིང་ཨུའི་“3815་”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་དང་། “མ་མཐའི་མཚམས་ཐིག་སྲུང་བ་དང་། འདེགས་སྐྱོར་བརྟན་པོ། སྒུལ་ཤུགས་འཕར་སྣོན། སྐས་རིམ་དུ་འཛེགས་པ་”བཅས་ཀྱི་དཔལ་འབྱོར་ལས་ཀའི་བླང་བྱར་རྩེ་གཅིག་ཏུ་དམིགས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ལེགས་པོ་བྱེད་པ།  ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དེ་མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག དུས་བདེ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས།  2024ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ཡས་མས་འཕར་བ་དང་། ཐོན་ལས་ལ་མ་དངུལ་འཇོག་གྲངས་10%ཡས་མས་འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་8%ཡན་འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་3%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་6%ཡན་འཕར་བ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གོམ་སྟབས་གཅིག་མཚུངས་ཡིན་པ། རྩིས་གཞི་རེའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་ཆུང་དུ་བཏང་ནས་ཞིང་ཆེན་རིམ་པས་གཤམ་སྤྲོད་བྱེད་པའི་དམིགས་འབེན་ལེགས་འགྲུབ་བྱུང་བ་བཅས་ཡིན།
    སྙན་སྒྲོན་ནང་བཏོན་དོན། དམིགས་ཚད་དང་ལས་འགན་ལ་དམིགས་ནས་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ་བློ་བརྟན་འགྱུར་མེད་ངང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། བློ་བརྟན་འགྱུར་མེད་ངང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཕན་ནུས་ལྡན་པའི་མ་དངུལ་འཇོག་པ་དང་དགོས་མཁོ་རྒྱ་སྐྱེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་གཏོང་དགོས།  བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། བློ་བརྟན་འགྱུར་མེད་ངང་དམངས་འཚོ་ལེགས་གཏོང་གི་རྩོམ་ཡིག་ཡག་པོ་འབྲི་དགོས། བློ་བརྟན་འགྱུར་མེད་ངང་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས།
གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་འཐུས་མིར་བདེ་ཆེན་ཁུལ་གྱི་203ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ་དང་། བདེ་ཆེན་ཁུལ་གྱི་203ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ། 2024ལོའི་ས་གནས་ནོར་སྲིད་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུ་བཅས་ལ་ཞིབ་བཤེར་གནང་རོགས་ཞུས་པ་རེད།
    ཚོགས་ཆེན་ཐོག་བདེ་ཆེན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་འདེམས་བསྐོ་བྱ་ཐབས་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་མིང་སྒྱུར་སྐོར་གྱི་གཏན་འབེབས་འཆར་ཟིན་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མི་འདེམས་ཐབས་དང་འོས་མིའི་མཚན་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
    ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་མཁན་ད་དུང་དབྱང་ཙི་ཅང་དང་། རྒྱ་མཚོ།  ལི་དབྱང་།  སྐལ་བཟང་རྣམ་རྒྱལ། ཁྲེན་ཆོན།  ཀུའེ་ཅུན་ལིའུ། ལུའུ་ཀྲི་ཅུན།  དབྱང་ཞུའེ་ཝེན།  ཧྥེ་པིང་ཆང་། ཀྲོའུ་ཅན་པིན། དབྱང་ཁྲེང་ལིའང་།  ཡུས་ཀུའེ་ཧྥུན། ལིའོ་ཝེན་ཚེ། ཀྲང་ཁྲའོ་ཐིང་།  ཞུས་ཀོང་ཏེ།  ལིན་ཧའོ། ལི་ཐའོ། ཧྲི་ཁྲུན་མིང་། ཁྲེནཅུན་མིང་།  སྐལ་བཟང་རྣམ་རྒྱལ། དབྱང་ཅི་ཝེན། ཕན་ཞུའེ་ཡིང་།  ཀྲང་ཡུས།  ལིའུ་ཐེན་མིང་སོགས་ཡོད།
    སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་ཨུ་ཡོན་དང་ཟུར་ཞུགས་མི་སྣ་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།